10113
Tibetan | བདུད་དང་། ཕ་རོལ་རྒོལ་བས་ཐུལ་བར་དཀའ་བའི་རྒྱལ་མཚན་བཅུ་གཉིས། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས་བྱུང་བ་སྟེ།
1. ཚུལ་ཁྲིམས་ཀྱི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། 2. ཏིང་ངེ་འཛིན་གྱི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། 3. ཤེས་རབ་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། 4. རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། 5. སྙིང་རྗེ་ཆེན་པོའི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། 6. ཐབས་ཀྱི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། 7. སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། 8. སྲོག་ཆགས་རྣམས་ལ་སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟོག་མེད་པའི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། 9. རྟེན་ཅིང་འབྲེལ་བར་འབྱུང་བ་ཁོང་དུ་ཆུད་པས་མཐར་ལྟ་བ་དང་བྲལ་བའི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། 10. རང་གི་སེམས་ཡོངས་སུ་དག་པས་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། 11. ཐམས་ཅད་མཁྱེན་པའི་ཡེ་ཤེས་རློམ་སེམས་དང་། རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་དང་བྲལ་བའི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན། 12. བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱལ་མཚན་གྱིས་མངོན་པར་འཕགས་པ་ཡིན་པ་བཅས་སོ། ། |
Tibetan Source | 《མདོ་ན་པ་》ཤ་320ན་3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |