10139

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:25, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan སྤྲུལ་སྐུ་བཅུ་གཉིས་བྱོན་པའི་ཚུལ།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱུས་འགྲེལ་སྐབས་བཅུ་དགུ་པ་བྱ་རྒོད་སྤུངས་མང་རྫོགས་ཆེན་ཨ་ཏིའི་གཞི་ལས་བྱུང་བ་སྟེ།

1. སྟོན་པ་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་བྱོན་པ་ནི། དགའ་ལྡན་བརྩེགས་པར་ཁྱེའུ་སྣང་བ་ཡིས། ། སངས་རྒྱས་སྟོང་རྩར་ཐལ་འགྱུར་དཔག་མེད་དུས། ། མི་མཇེད་འོད་མི་འཁྲུགས་པས་མཁའ་འགྲོ་མ། ། ཉིས་འབུམ་རྒྱུད་ལྔ་བྱེ་བའི་དུས་སུ་གསུངས། ། འོད་སྲུངས་(སྤུངས་)འཇིགས་སྐྱོབ་ཡིད་ཀྱིས་སེམས་དྲུག་འབུམ། ། དོང་སྤྲུགས་མཇིང་བསྣོལ་འབྱུང་རྒྱུད་འབུམ་པའི་དུས། ། མངའ་སྣང་གཞོན་ནུ་རོལ་པས་གནོད་སྦྱིན་སྟོང་། ། སེམས་སྡེ་བཅུ་གཅིག་རྒྱུད་རྣམས་བརྒྱད་ཁྲིར་གསུངས། ། གཞོན་ནུའི་ལྡུམ་རར་དྲུག་པ་རྡོར་འཆང་གིས། །སངས་རྒྱས་རབ་བདུན་ཕྱིན་དྲུག་བདུན་ཁྲིའི་དུས། ། མེ་རི་འབར་བར་དཔའ་བོ་སྟོབས་ལྡན་གྱིས། ། བྱང་སེམས་རང་ཤར་རྒྱུད་སོགས་དྲུག་ཁྲིར་གསུངས། ། སྒྲ་ལྡན་ཕུག་པར་དྲང་སྲོང་ཁྲོས་པའི་རྒྱལ། ། སྲིན་པོ་བྱེ་བར་རྒྱུད་བཅུ་ཁྲི་པའི་དུས། ། (སྤུངས་) པར་གསེར་འོད་དམ་པ་ཡིས། ། ཉན་ཐོས་གྲངས་མེད་འདུལ་བ་ལྔ་སྟོང་དུས། ། གཡུ་སྨིན་ཅན་ཡུལ་བརྩེ་བའི་བློ་གྲོས་ཀྱི། ། དཔག་མེད་སེམས་དཔར་ཕྲ་རྒྱུད་སྟོང་གི་དུས། ། བྱ་རྒོད་སྤུངས་པར་འོད་སྲུངས་བགྲེས་པོ་ཡིས། །འཁོར་བདུན་མདོ་རྒྱུད་བརྒྱུད་ཁྲི་ལྔ་བརྒྱའི་དུས། ། རྡོ་རྗེ་གདན་དུ་མངོན་རྫོགས་རྒྱལ་པོ་ཡིས། །རིགས་གསུམ་མགོན་པོར་ངེས་དོན་སུམ་བརྒྱུའི་དུས། །ཝཱ་རཱ་ཎ་སཱིར་ཤཱཀྱ་ཐུབ་པ་ཡིས། །སྣ་ཚོགས་འཁོར་ལ་སྡེ་སྣོད་བརྒྱ་པའི་དུས། ། དེའང་རྡོ་རྗེ་འཆང་ཉིད་ལོངས་སྐུ་ལས་སྤྲུལ་པའི་སྐུར་འགྲོ་བ་རྣམས་ཀྱི་ཕུང་པོ་ལྔ་དག་པར་བྱ་བའི་ཕྱིར། ཕུན་སུམ་ཚོགས་པ་ལྔའི་རང་བཞིན་ལན་བཅུ་གཉིས་སུ་སྣང་བར་མཛད་པའི་དང་པོ་ནི། 1. ཡུལ་དགའ་ལྡན་བརྩེགས་པར། གནས་ཕུན་སུམ་ཚོགས་པ་མེ་ཏོག་པདྨའི་ལྟེ་བ་ལ། སྟོན་པ་ཕུན་སུམ་ཚོགས་པ་ཁྱེའུ་སྣང་བེ་དམ་པ་བསམ་གྱིས་མི་ཁྱབ་པ་ཉིད་བྱོན་ཏེ། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་དང་སེམས་དཔའ་གཉིས་ཀྱིས་འདུལ་བའི་མཚོན་བྱེད་དུ་འོད་ཀྱི་སྣང་བའི་སངས་རྒྱས་སྟོང་དང་རྩ་གཉིས་ཀྱིས་བསྐོར་བའི་འཁོར་ཕུན་སུམ་ཚོགས་པ་ལ། བསྟན་པ་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར་གྱི་རྒྱུད། ཚེ་ལོ་དཔག་མེད་ཀྱི་དུས་སུ་གསུངས་ཏེ། ལྷའི་བུ་དགའ་བྱེད་དབང་ཕྱུག་དང་། ཉི་མ་རབ་ཏུ་སྣང་བྱེད་གཉིས་ཀྱིས་སྡུད་པ་པོ་མཛད་དོ། ། 2. སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་བྱོན་པ་ནི། གནས་ཕུན་སུམ་ཚོགས་པ་འཇིག་རྟེན་མི་མཇེད་དུ། སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་ཉིད་འོད་ལྔའི་སྒོ་ང་ལས་འཁྲུངས་ཏེ། འཁོར་མཁའ་འགྲོ་མ་འབུམ་ཕྲག་གཉིས་ལ། ཆོས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ། ཚེ་ལོ་བྱེད་པ་གཅིག་ཐུབ་པའི་དུས་སུ་གསུངས་སོ། ། 3. གནས་ཕུན་སུམ་ཚོགས་པ་དྲོད་གཤེར་འདུས་པ་འོད་ཀྱིས་སྤུངས་པར། སྟོན་པ་འཇིགས་པ་སྐྱོབ་པའི་ཡིད་ཅེས་བྱ་བ། འཁོར་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག་ལ། ཆོས་འཁོར་བ་དོང་སྤྲུགས། རྨ་བྱ་མཇིང་བསྣོལ། འབྱུང་བཞི་ཟད་པའི་རྒྱུད་རྣམས་ཚེ་ལོ་འབུམ་པའི་དུས་སུ་གསུངས་སོ། ། 4. སྟོན་པ་གཞོན་ནུ་རོལ་པ་རྣམ་པར་བརྩེ་བ་བྱོན་པ་ནི། གནས་ཕུན་སུམ་ཚོགས་པ་ཆགས་འབྱུང་མངལ་དུ་སྣང་བར་སྟོན་པ་གཞོན་ནུ་རོལ་པ་རྣམ་པར་བརྩེ་བས། འཁོར་གནོད་སྦྱིན་དང་བྲག་སྲིན་སྟོང་ཕྲག་གཅིག་ལ། ཆོས་སེམས་སྡེ་རྩ་བའི་རྒྱུད་ལྔ། ཡན་ལག་གི་རྒྱུད་དྲུག་སྟེ་བཅུ་གཅིག་ཚེ་ལོ་བརྒྱད་ཁྲིའི་དུས་སུ་གསུངས་སོ། ། 5. སྟོན་པ་དྲུག་པ་རྡོ་རྗེ་འཆང་བྱོན་པ་ནི། གནས་ཕུན་སུམ་ཚོགས་པ་འཚོ་བྱེད་གཞོན་ནུའི་ལྡུམ་རར། སྟོན་པ་དྲུག་པ་རྡོ་རྗེ་འཆང་གིས། འཁོར་སངས་རྒྱས་རབ་བདུན་དུ་སྣང་བར་བཀོད་ནས། ཆོས་ཕ་རོལ་ཏུ་ཕྱིན་པ་དྲུག་ཚེ་ལོ་བདུན་ཁྲིའི་དུས་སུ་གསུངས་སོ། ། 6. སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཆེན་པོ་བྱོན་པ་ནི། གནས་ཕུན་སུམ་ཚོགས་པ་རི་རབ་ཀྱི་བྱང་ཕྱོགས་དུར་ཁྲོད་མེ་རི་འབར་བར། སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཆེན་པོས། འཁོར་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་བདུན་དང་། མཁའ་འགྲོ་མ་དང་། ལྷ་དང་ཀླུ་ལ་སོགས་པ་དཔག་ཏུ་མེད་པ་ལ། ཆོས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལ་སོགས་པ་མངོན་སུམ་འོད་གསལ་གྱི་རྒྱུད་རྣམས་དང་། གཞན་ཡང་དཔག་ཏུ་མེད་པ་རྣམས། ཚེ་ལོ་དྲུག་ཁྲི་པའི་དུས་ན་གསུངས་སོ། ། 7. སྟོན་པ་དྲང་ སྲོང་ཁྲོས་པའི་རྒྱལ་པོ་བྱོན་པ་ནི། གནས་ཕུན་སུམ་ཚོགས་པ་སྲིན་པོའི་ཡུལ་རུ་ལུའི་སྒྲ་དང་ལྡན་པའི་ཕུག་ཏུ། སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོས། འཁོར་སྲིན་པོ་བྱེ་བ་གཅིག་ལ། ཆོས་རགས་པ་འདུལ་བའི་རྒྱུད་བཅུ་ལ་སོགས་པ། ཚེ་ལོ་ཁྲི་? པའི་དུས་སུ་གསུངས་སོ། ། 8. སྟོན་པ་གསེར་འོད་དམ་པ་བྱོན་པ་ནི། གནས་ཕུན་སུམ་ཚོགས་པ་བྱ་རྒོད་སྤུངས་པར། སྟོན་པ་གསེར་འོད་དམ་པས། འཁོར་འཕགས་པ་ཉན་ཐོས་གྲངས་མེད་པ་ལ་ཆོས་འདུལ་བ་ཁྲི་ཕྲག་དཔག་ཏུ་མེད་པ། ཚེ་ལོ་ལྔ་སྟོང་པའི་དུས་སུ་གསུངས་སོ། ། 9. སྟོན་པ་བརྩེ་བའི་བློ་གྲོས་བྱོན་པ་ནི། དགུ་པ་གནས་ཕུན་སུམ་ཚོགས་པ་སོག་པོ་གཡུའི་སྨིན་མ་ཅན་གྱི་ཡུལ། བྱང་ཆུབ་ཀྱི་ཤིང་དྲུང་དུ། སྟོན་པ་བརྩེ་བའི་བློ་གྲོས་ཀྱིས། འཁོར་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ། ཆོས་ཕྲ་རྒྱུད་བདུན་པ་ལ་སོགས་པ། ཚེ་ལོ་སྟོང་གི་དུས་སུ་གསུངས་སོ། ། 10. སྟོན་པ་འོད་སྲུངས་བགྲེས་པོ་བྱོན་པ་ནི། གནས་ཕུན་སུམ་ཚོགས་པ་བྱ་རྒོད་སྤུངས་པར། སྟོན་པ་འོད་སྲུངས་བགྲེས་པོས། འཁོར་ཚེ་དང་ལྡན་པ་སྐར་མ་འོད་བཟང་ལ་སོགས་པ་བདུན་ལ་ཆོས་མདོ་སྡེ་དང་། ཀྲི་ཡ་དང་། ལུང་ཨ་ནུ་ལ་སོགས་པ་ཁྲི་ཕྲག་བརྒྱུད། ཚེ་ལོ་ལྔ་བརྒྱ་པའི་དུས་སུ་གསུངས་སོ། ། 11. སྟོན་པ་མངོན་རྫོགས་རྒྱལ་པོ་བྱོན་པ་ནི། གནས་ཕུན་སུམ་ཚོགས་པ་རྡོ་རྗེ་གདན་དུ། སྟོན་པ་མངོན་རྫོགས་རྒྱལ་པོས། འཁོར་རིགས་གསུམ་མགོན་པོ་ལ། ཆོས་ངེས་པ་དོན་གྱི་ཐེག་པ་འབའ་ཞིག་ཚེ་ལོ་སུམ་བརྒྱ་པའི་དུས་སུ་གསུངས་སོ། ། 12. བཅུ་གཉིས་པ་གནས་ཕུན་སུམ་ཚོགས་པ་ཝཱ་རཱ་ཎ་སཱི་ལ་སོགས་པར། སྟོན་པ་ཤཱཀྱ་ཐུབ་པས། ཆོས་སྡེ་སྣོད་གསུམ་ལ་སོགས་པ་འཁོར་ཉན་ཐོས་དང་། བྱང་ ཆུབ་སེམས་དཔའ་དང་། ལྷ་དང་། ཀླུ་ལ་སོགས་པ་ལ། དུས་ཚེ་ལོ་བརྒྱ་པའི་དུས་སུ་གསུངས་སོ། །

Tibetan Source 《མདོ་རྒྱུད་མཛོད་བི་པ་》ཤ་5.20ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number