10152

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:25, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan བོད་ཡུལ་གྱི་མི་འགྱུར་བའི་གཟེར་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། བོད་ཡུལ་སྲིན་མོ་གན་རྐྱལ་དུ་འགྱེལ་བ་ལྟ་བུའི་སྙིང་ཀར་ར་ས་འཕྲུལ་སྣང་། ཡན་ལག་དང་ཉིང་ལག་གནོན་པར་བྱེད་པ་ལ་མི་འགྱུར་བའི་གཟེར་བཅུ་གཉིས་བཏབ་པ་སྟེ།

1. དཔུང་པ་གཡས་པའི་སྟེང་དུ་དབུ་རུ་ཀ་ཚལ་གཙུག་ལག་ཁང་། དེའི་འོག་ཏུ་གསེར་ཤ་གི་རྟི་ལྷ་ཁང་བཏབ། 2. དཔུང་པ་གཡོན་དུ་གཡོ་རུ་ཁྲ་འབྲུག་བཀྲ་ཤིས་བྱམས་པ་མི་འགྱུར་བའི་གཙུག་ལག་ཁང་། དེའི་འོག་ཏུ་བཙན་ཐང་ལྷ་ཁང་། ། 3. དཔྱི་གཡས་སུ་གཡས་རུ་གཙང་འཕྲང་གཙུག་ལག་ཁང་། དེའི་འོག་ཏུ་དགེ་དྲུང་གི་ལྷ་ཁང་། 4. དཔྱི་གཡོན་དུ་ཁྲོམ་གྱི་རྒྱུང་ཞུ་རུ་ལག་གྲུམ་པ་རྒྱང་དྲི་མེད་རྣམ་དག་གི་གཙུག་ལག་ཁང་། དེའི་འོག་ཏུ་འབྲེའི་ལྷ་ཁང་སྟེ་རུ་གནོན་བཞིའོ། ། 5. གྲུ་མོ་གཡས་ཤར་སྟག་སྐྱ་བོའི་མགོར་ཀོང་པོ་བུ་ཆུ་མཐར་ལེགས་ལྷ་ཁང་། 6. གྲུ་མོ་གཡོན་ལྷོ་འབྲུག་གི་ཟེ་བའི་སྟེང་དུ་ལྷོ་བྲག་མཁོ་མཐིང་ལྷ་ཁང་། 7. པུས་མོ་གཡོན་ནུབ་བྱ་དམར་མོའི་སྒལ་སྟེང་དུ་མོན་བུ་དགེ་གནས་ཀྱི་གཙུག་ལག་ཁང་། 8. པུས་མོ་གཡས་བྱུང་རུས་སྦལ་གྱི་སྟེང་དུ་ཕྲ་དུམ་རྩེའི་གཙུག་ལག་ཁང་སྟེ་ཡང་འདུལ་བཞིའོ། ། 9. ལག་མཐིལ་གཡོན་དུ་ཤོར་མདོ་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་། 10. ལག་མཐིལ་གཡས་སུ་ལྷོར་བུམ་ཐང་སྐྱེར་ཆུ་ལྷ་ཁང་། 11. རྐང་མཐིལ་གཡས་སུ་ནུབ་དཔེ་ལ་ཁ་ཆེའི་ཡུལ་དུ་ཚལ་རིགས་ཤེས་རབ་སྒྲོལ་མའི་ལྷ་ཁང་ཞེས་མང་ཡུལ་བྱམས་སྤྲིན་ལྷ་ཁང་། 12. རྐང་མཐིལ་གཡོན་དུ་བྱང་ཕྱོགས་ཚངས་པ་རླུང་གནོན་གྱི་ལྷ་ཁང་སྟེ་མཐའ་འདུལ་གྱི་ལྷ་ཁང་བཞི་བཅས་སོ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་1454.27ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number