10162
Tibetan | སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བ་བཅུ་གཉིས། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། མདོ་ཀུན་ལས་བཏུས་པ་ཆེན་པོ་ལས་བྱུང་བ་སྟེ།
1. བྱང་ཆུབ་ཀྱི་སེམས་ཀྱི་ལམ་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ།། 2. ལོངས་སྤྱོད་ཆེན་པོ་ཡོངས་སུ་འགྲུབ་པའི་ལམ་ཡིན་པར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ། 3. འདོད་པའི་རིགས་སུ་སྐྱེ་བར་འགྱུར་བ་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ། 4. དད་པའི་རིགས་སུ་སྐྱེ་བར་འགྱུར་བ་ཡང་་བ་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ། 5. སེར་སྣ་ཚར་གཅོད་པར་འགྱུར་བ་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ། 6. གཏོང་བའི་རྒྱུན་འཕེལ་བར་འགྱུར་བ་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ། 7. ཡི་དྭགས་ཀྱི་གྲོང་ཁྱེར་གྱི་སྒོ་གཅོད་པར་འགྱུར་བ་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ། 8. སྐྱེ་བོ་མང་པོ་དང་ཐུན་མོང་གི་ལོངས་སྤྱོད་རྣམས་ལས་སྙིང་པོ་ལེན་པར་འགྱུར་བ་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ། 9. ཡོ་བྱད་ཡོངས་སུ་རྫོགས་པར་འགྱུར་བ་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ། 10. བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་གོམས་པར་བྱས་པར་འགྱུར་བ་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ། 11. དངོས་པོ་ཐམས་ཅད་ལ་འཛིན་པའི་སེམས་བདག་ལ་མེད་པར་འགྱུར་བ་ཡང་དག་པར་མཐོང་བས་ར་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ། 12. བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ། 13. དེ་བཞིན་གཤེགས་པའི་རྗེས་སུ་བསྟན་པ་དང་མཐུན་པར་འགྱུར་བ་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་བཅས་སོ། །(སྐབས་འདིར་ཕན་ཡོན་གཅིག་འཕར།) |
Tibetan Source | 《བསྟན་འགྱུར་དབུ་མ་གི་པ་》ཤ་197ན་3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |