10186

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:25, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ཟླ་བ་བཅུ་གཉིས་ཀྱི་མིང་གི་ཐ་སྙད་སྦྱོར་སྟངས་མི་འདྲ་བ་དྲུག་རེའུ་མིག་ཏུ་བསྟར་བ།
Tibetan Alternate
Tibetan Definition ཟླ་བ་ཞེས་པ་ནི། ཟླ་བའི་དཀར་ཆ་འཕེལ་དང་འགྲིབ། ། བཅོ་ལྔ་རེ་སྟེ་ཞག་སུམ་ཅུར། ། ལོངས་ཅོ་ཟླ་བའི་ཐ་སྙད་བཏགས། ། ཞེས་གསུངས་པ་ལྟར། ཟླ་བའི་དཀར་ཆ་དང་པོ་ནས་བཅོ་ལྔའི་བར་འཕེལ་བ་དང་དམར་ཆའམ་འགྲིབ་ཆ་དང་པོ་ནས་བཅོ་ལྔའི་བར་འགྲིབ་པ་བསྡོམས་པའི་ཆ་ཚེས་ཞུ་ས་ཞག་སུམ་ཅུར་ལོངས་པ་ལ་བཏགས་པ་ཡིན་པས་ནམ་མཁའི་ཟླ་བ་ལ་བརྟེན་ནས་དུས་ཀྱི་ཟླ་བའི་ཐ་སྙད་བྱུང་བ་ཡིན་ནོ། །དེ་ཡང་ལོ་གཅིག་ལ་ཟླ་བཤོལ་མེད་པའི་དུས་ན་ཟླ་བ་བཅུ་གཉིས་ཡོད་དེ། ཟླ་བ་དེ་དག་གི་མིང་གི་ཐ་སྙད་འདོགས་ཚུལ་རྣམ་འགྲེལ་གསེར་ཤིང་སོགས་གཞིར་བྱས་ཏེ་ཅུང་ཟད་བཤད་ན་བོད་ཟླ་གསུམ་པ་འདི་ལ་ནག་རྩིས་པའི་ལུགས་ལ་རྟའི་ཟླ་བར་བྱེད་དེ། དེ་ཡང་དབྱར་འབྲིང་དུ་འདོད་པ་དང་། དབྱར་རར་འདོད་པ། དཔྱིད་ཟླ་ཐ་ཆུང་དུ་འདོད་པའི་འདོད་ཚུལ་གསུམ་ཡོད་ཅིང་རྙོག་འཛིང་ཆེ་བས་ནག་རྩིས་ཀྱི་སྐབས་སུ་བརྗོད་པ་ལྟར་ཤེས་པར་བྱ་ཞིང་། རྟེན་འབྲེལ་པའི་ཐ་སྙད་དུ་བོད་ཟླ་གསུམ་པ་ལ་མིང་གཟུགས་ཀྱི་ཟླ་བར་བྱེད། ཧོར་ཟླའི་ཐ་སྙད་དེ་མི་ཉག་གི་ལག་ནས་ཧོར་ཇིང་གིར་གྱིས་རྒྱལ་ས་ཐོབ་

"བོད་ཀྱི་ཐ་སྙད། ནག་རྩིས་པའི་ཐ་སྙད། རྟེན་འབྲེལ་བའི་ཐ་སྙད། ཧོར་གྱི་ཐ་སྙད། འཕགས་ཡུལ་གྱི་ཐ་སྙད། ཁྱིམ་ཟླའི་མིང་། བོད་ཀྱི་ཐ་སྙད། ནག་རྩིས་པའི་ཐ་སྙད། རྟེན་འབྲེལ་པའི་ཐ་སྙད།" "བོད་ཟླ་དང་པོ་དགུན་ཟླ་ཐ་ཆུང་། འབྲུག་ཟླ། འདུ་བྱེད་ཀྱི་ཟླ་བ། ཧོར་ཟླ་དང་པོ། མཆུ་ཟླ། བུམ་པའི་ཁྱིམ། བོད་ཟླ་བདུན་པ་དབྱར་ཟླ་ཐ་ཆུང་། ཁྱི་ཟླ། སྲེད་པའི་ཟླ་བ།" "བོད་ཟླ་གཉིས་པ་དཔྱིད་ཟླ་ར་བ། སྤྲུལ་ཟླ། རྣམ་ཤེས་ཀྱི་ཟླ་བ། ཧོར་ཟླ་གཉིས་པ། དབོ་ཟླ། ཉ་ཁྱིམ། བོད་ཟླ་བརྒྱད་པ་སྟོན་ཟླ་ར་བ། ཕག་ཟླ། ལེན་པའི་ཟླ་བ།" "བོད་ཟླ་གསུམ་པ་དཔྱིད་ཟླ་འབྲིང་པོ། རྟ་ཟླ། མིང་གཟུགས་ཟླ་བ། ཧོར་ཟླ་གསུམ་པ། ནག་ཟླ། ལུག་ཁྱིམ། བོད་ཟླ་དགུ་པ་སྟོན་ཟླ་འབྲིང་པོ། བྱེ་ཟླ། སྲིད་པའི་ཟླ་བ།" "བོད་ཟླ་བཞི་པ་དཔྱིད་ཟླ་ཐ་ཆུང་། ལུག་ཟླ། སྐྱེ་མཆེད་ཀྱི་ཟླ་བ། ཧོར་ཟླ་བཞི་པ། སག་ཟླ། གླང་ཁྱིམ། བོད་ཟླ་བཅུ་པ་སྟོན་ཟླ་ཐ་ཆུང་། གླང་ཟླ། སྐྱེ་བའི་ཟླ་བ།" "བོད་ཟླ་ལྔ་པ་དབྱར་ཟླ་ར་བ། སྤྲེལ་ཟླ། རེག་པའི་ཟླ་བ། ཧོར་ཟླ་ལྔ་པ། སྣྲོན་ཟླ། འཁྲིག་ཁྱིམ། བོད་ཟླ་བཅུ་གཅིག་པ་དགུན་ཟླ་ར་བ། སྟག་ཟླ། རྒ་ཤིའི་ཟླ་བ།" "བོད་ཟླ་དྲུག་པ་དབྱར་ཟླ་འབྲིང་པོ། བྱ་ཟླ། ཚོར་བའི་ཟླ་བ། ཧོར་ཟླ་དྲུག་པ། ཆུ་སྟོད་ཟླ། ཀརྚའི་ཁྱིམ། བོད་ཟླ་བཅུ་གཉིས་པ་དགུན་ཟླ་འབྲིང་པོ། ཡོས་ཟླ། མ་རིག་པའི་ཟླ་བ།" དུས་དགའ་སྟོན་བྱས་པ་ལོ་གསར་དུ་བཟུང་བའམ་ལོ་མགོར་བྱས་པའི་ལུགས་དེ་བོད་དུ་ས་སྐྱ་པས་འཇའ་ས་་ས་བསྒྲགས་པ་ནས་བཟུང་ཧོར་ཟླའི་སྲོལ་བཟུང་བ་དེའི་ལུགས་སུ་ཧོར་ཟླ་གསུམ་པ་ཞེས་བརྗོད། བོད་ཀྱི་ཐ་སྙད་དུ་ནི། དབོ་ནག་ས་ག་དཔྱིད་གསུམ་སྟེ། སྣོན་དང་ ཆུ་སྟོད་གྲོ་བཞིན་དབྱར། ། ཁྲུམས་དང་ཐ་སྐར་སྨིན་དྲུག་སྟོན། ། མགོ་རྒྱལ་མཆུ་གསུམ་དགུན་དུས་ཉིད། ། ཅེས་འབྱུང་བ་ལྟར་བོད་ཟླ་གསུམ་པ་འདི་ལ་དཔྱིད་འབྲིང་དུ་བྱེད་དོ། ། འཕགས་ཡུལ་པའི་ཐ་སྙད་དུ་ཟླ་བ་དེ་སྐར་མ་གང་གིས་ཉ་བ་ཉ་སྐར་གྱི་མིང་གིས་འདོགས་པ་སྟེ། དེ་ཡང་། མཆུ་དབོ་ནག་པ་ས་ག་སྒྲོན། ། ཆུ་སྟོད་གྲོ་བཞིན་ཁྲུམས་སྟོད་དང་། །དབྱུ་གུ་སྨིན་དྲུག་མགོ་རྒྱལ་བཅས། ། ཉ་སྐར་བཅུ་གཉིས་མིང་དུ་བརྗོད། ། ཅེས་པ་ལྟར་བོད་ཟླ་གསུམ་པ་འདི་ལ་ནག་པ་ཟླ་བར་འདོད་དོ། ། ཟླ་བཤོལ་ཡོད་པའི་སྐབས་སུ་ནག་པ་ཟླ་བ་ལ་ས་གས་ཉ་བ་སོགས་ཀྱང་སྲིད་དོ། ། ཁྱིམ་ཟླའི་ངེས་པའམ་ཁྱིམ་གྱི་ཐ་སྙད་དུ་བྱས་ན་བོད་ཟླ་གསུམ་པ་འདི་ལ་ཉི་མ་ལུག་ཁྱིམ་དུ་འཇུག་པའི་དུས་ཡིན་པ་སོགས་རིམ་བཞིན་སྦྱར་དགོས་པའོ། ། དེ་ལྟར་ཟླ་བ་བཅུ་གཉིས་ཀྱི་མིང་གི་ཐ་སྙད་སྦྱོར་སྟངས་མི་འདྲ་བ་དྲུག་པོ་རྣམས་བལྟ་བདེའི་ཕྱིར་དུ་རེའུ་མིག་ཏུ་བཀོད་ན་གཤམ་གསལ་ལྟར་རོ། །

Tibetan Source 《རྩིས་རིག་ལ་འཇུག་པའི་སྒོ་》དེབ་གཟུགས་ ཤ་ 120.4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number