10207

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:25, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan རིགས་ཀྱི་རབ་ཏུ་དབྱེ་བ་བཅུ་གཉིས།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།

1. འདོད་པའི་ཁམས་ནི་མི་རྣམས་ལ་སྐྱེ་བ་རྣམ་པ་གསུམ་སྟེ། (1)རིགས་ངན་པར་སྐྱེ་བ། (2)རིགས་བཙུན་པར་སྐྱེ་བ། (3)རིགས་ངན་པ་ཡང་མ་ཡིན་རིགས་བཙུན་པ་ཡང་མ་ཡིན་པར་སྐྱེ་བ་དང་གསུམ་མོ། ། 2. འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་ཡང་སྐྱེ་བ་རྣམ་པ་གསུམ་སྟེ། (1)ལྷ་མ་ཡིན་དུ་སྐྱེ་བ།། (2)ས་གཞི་ལ་བརྟེན་པའི་ནང་དུ་སྐྱེ་བ། (3)ནམ་མཁའི་གཞལ་མེད་ཁང་དུ་བརྟེན་པའི་ནང་དུ་སྐྱེ་བ་དང་གསུམ་མོ། ། 3. གཟུགས་ཀྱི་ཁམས་ན་ཡང་སྐྱེ་བ་རྣམ་པ་གསུམ་སྟེ། (1)སོ་སོའི་སྐྱེ་བོ་རྣམས་ཀྱི་འདུ་ཤེས་དང་བཅོས་པར་སྐྱེ་བ། (2)འདུ་ཤེས་མེད་པར་སྐྱེ་བ། (3) འཕགས་པ་རྣམས་ཀྱི་གནས་གཙང་མར་སྐྱེ་བ་དང་གསུམ་མོ། ། 4. གཟུགས་མེད་པའི་ཁམས་ན་སྐྱེ་བ་རྣམ་པ་གསུམ་སྟེ། (1)འདུ་ཤེས་ཚད་མེད་པ་རྣམས་ཀྱི་ནང་དུ་སྐྱེ་བ། (2)ཅི་ཡང་མེད་པར་འདུ་ཤེས་པ་རྣམས་ཀྱི་ནང་དུ་སྐྱེ་བ། (3)འདུ་ཤེས་མེད་འདུ་ཤེས་མེད་མིན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་བཅས་སོ། །

Tibetan Source 《བསྟན་འགྱུར་སྣ་ཚོགས་ཆོ་པ་》ཤ:181བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number