10229

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:26, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ས་དང་པོར་སྐྱེ་བའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས།
Tibetan Alternate
Tibetan Definition 1. ཏིང་ངེ་འཛིན་བརྒྱ་ཕྲག་ཐོབ་པ།

2. དེ་ལ་འཇུག་པ། 3. སངས་རྒྱས་བརྒྱ་མཐོང་བ། 4. དེ་ཡི་བྱིན་རླབས་ཤེས་པ། 5. འཇིག་རྟེན་ཁམས་བརྒྱ་གཡོ་བ། 6. ཞིང་བརྒྱུར་འགྲོ་བ། 7. དེ་བསྒྱུ་སྣང་བར་བྱེད་པ།། 8. འགྲོ་བ་བརྒྱ་སྨིན་པར་བྱེད་པ། 9. བསྐལ་པ་བརྒྱར་གནས་པ་དང་སྔོན་དང་ཕྱི་མཐར་འཇུག་པོ། 10. ཆོས་སྒོ་བརྒྱ་འབྱེད་པ། 11. ལུས་བརྒྱ་སྟོན་པ། 12. ལུས་རེ་རེ་ཡང་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་གི་འཁོར་གྱིས་ཀུན་ནས་ཡོངས་སུ་བསྐོར་བར་བྱེད་པ་བཅས་སོ། ། དེ་ལྟར་ས་གཉིས་པར་ཡོན་ཏན་དེ་དག་སྟོང་འགྱུར་དང་། གསུམ་པར་འབུམ་འགྱུར། བཞི་པར་བྱེ་བ་ཕྲག་བརྒྱ། ལྔ་པར་བྱེ་བ་ཕྲག་སྟོང་། དྲུག་པར་བྱེ་བ་ཕྲག་འབུམ། བདུན་པར་བྱེ་བ་ཕྲག་ཁྲག་ཁྲིག་འབུམ། བརྒྱད་པར་སྟོང་གསུམ་འབུམ་གྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ། བཅུ་པར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རྡུལ་ཕྲ་རབ་དང་མཉམ་པ་དང་དེ་བས་ཀྱང་ལྷག་པ་འཐོབ་བོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་དེབ་སྨད་ཆ》ཤ་504.22ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number