10231
Jump to navigation
Jump to search
Tibetan | ས་དཔྱད་ངན་པ་བཅུ་གཉིས། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ས་ཆུ་ཤིང་གི་དཔྱད་པ་ལས་བྱུང་བ་སྟེ།།
1. ཡུལ་གྱི་ཕུ་རུ་གནམ་སྒོ་ཕྱེ་ན་ཡུལ་གྱི་བདག་པོ་དར་ཡུན་ཐུང་། 2. མདའ་རུ་ས་སྒོ་དོད་ན་ཡུལ་རྣམས་ལ་བཀྲ་མི་ཤིས། 3. ཕ་རི་ཚུ་རི་གྱེས་ན་ཡུལ་དུ་འཁྲུག་པ་མོད། 4. ཕར་གཤམ་ཚུར་གཤམ་ཐུང་ན་རབས་ཆད་དང་ཁྱིམ་འཕུང་མང་། 5. ལུང་གསུམ་མདོ་ལ་བཏབ་ན་ཁྱིམ་འཕུང་། 6. ཕས་སྣ་དང་ཚུར་སྣ་འཐབ་ན་ཕོ་མོ་འཐབ་མོ་མང་། 7. རི་དང་འགོ་ལྷ་བྲལ་བས་ཕ་ཚན་ནང་མི་གཤིམ། 8. ལམ་རྒྱ་གྲམ་ཟུག་ན་གློ་བུར་ཡེ་འབྲོག་རྒྱུན་མི་འཆད། 9. ཀྱག་ཀྱོག་མང་བ་ལ་བཏབ་ན་ཐ་མ་ཡུལ་མེད་སྤྲང་པོར་འགྲོ 10. རི་ཟུར་དང་བྲག་ཟུར་སྟོད་ན་ཕོ་གཞོན་མོ་གཞོན་ལ་འཆི། 11. ན་རྫིང་གི་འདབས་བཏབ་ན་བུ་ཚ་གླེན་ལྐུགས་དང་སྐྱོན་ཅན་འོང་། 12. ལུང་པའི་སྲུབས་ལ་བུ་མོ་མང་བ་བཅས་སོ། ། (སྐབས་འདིར་ངན་པ་གང་ཡིན་ངེས་བཟུང་བདེ་བའི་ཆེད་ས་དཔྱད་ཅེས་པ་ཁ་སྐོང་གི་ཚུལ་དུ་བཀོད་པ་ལགས) |
Tibetan Source | 《མདོ་རྒྱུད་མཛོད་ཧ་པ་》ཤ་660.1ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |