10294

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:26, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan འདུལ་བ་གླེགས་བམ་བཅུ་གསུམ།
Tibetan Alternate
Tibetan Definition དེ་ཡང་། བཀའ་བསྡུ་བ་གསུམ་ནང་རིམ་པར་བསྡུས་པ་སྟེ། ལུང་རྣམ་འབྱེད་གླེགས་བམ་བཞི། ལུང་གཞི་གླེགས་བམ་བཞི། ལུང་ཞུ་བ་གླེགས་བམ་གཉིས།། ལུང་ཕྲན་ཚེགས་གླེགས་བམ་གསུམ་དང་བཅུ་གསུམ་མོ། ། འགའ་ཞིག་ལ་བཅུ་གཉིས་ཡོད་པའང་ཡོད།

1. ལུང་རྣམ་འབྱེད་གླེགས་བམ་གསུམ་གྱིས་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་ང་གསུམ་རྣམས་བསྟན། ལུང་རྣམ་འབྱེད་གླེགས་བམ་གཅིག་གིས་དགེ་སློང་མ་རྣམས་ཀྱི་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི་རྣམས་བསྟན། 2. འདུལ་བ་ལུང་གཞི་གླེགས་བམ་བཞིས་རབ་བྱུང་སྒྲུབ་ཚུལ་སོགས་དང་གསོ་སྦྱོང་དབྱར་གནས་སོགས་གཞི་བཅུ་བདུན་བསྟན། 3. ལུང་ཞུ་བ་དང་གཞུང་དམ་པ་སོགས་དོན་གཅིག་མིང་གི་རྣམ་གྲངས་ཡིན། དེས་ནི་ལུང་རྣམ་འབྱེད་དང་ གཞི་གཉིས་སུ་ཞུས་ལན་གྱི་སྒོ་ནས་གཏན་ལ་ཕབ་པ་གླེགས་བམ་གཉིས་ཡོད། གཞུང་དམ་པར་ལེའུ་བཅུ་ཡོད་པ་ནི། (1)འདུལ་བྱེད། (2)གཅིག་ལས་འཕྲོས་པ། (3)ལྔ་ཚན་པ། (4)བཅུ་དྲུག་པ། (5)གླེང་གཞི། (6)སིལ་བུ། (7)གཏམ་གྱི་གཞི། (8)བྲམ་ཟེའི་བུ་མོས་ཞུས་པ། (9)ལུང་མ་མོ། (10)ལུང་དངོས་གཞི་དང་བཅུའོ། ། 4. ལུང་ཕྲན་ཚེགས་གཉིས་ནི་མ་ཚང་བ་ཁ་སྐོང་ལྟ་བུ་ལ་གླེགས་བམ་གསུམ་ཡོད། འདུལ་བ་ལུང་སྡེ་བཞི་ལ་གླེགས་བམ་བཅུ་གསུམ་ལ་ཤོ་ལོ་ཀ་འབུམ་ཕྲག་གཅིག་སྟོང་ཕྲག་གསུམ་ཉིས་བརྒྱ་ཡོད་ཅེས་བུ་སྟོན་གྱིས་གསུངས་སོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་472.16ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number