10319
Tibetan | དབུ་མའི་ལམ་སྨོས་པར་བྱེད་པ་རྣམ་པ་བཅུ་གསུམ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།
1. གང་ཟག་སྟོང་པ་ཉིད་སྨོས་པར་བྱེད་ནི། རྣམ་པ་གཅིག་གིས་མི་དམིགས་པ་ཡོངས་སུ་བསྟན་པ་ལས་ཏེ། དེ་ལ་མི་དམིགས་པ་ནི་འདི་ཡིན་ཏེ། དངོས་པོ་གསུམ་ནི། (1)སེམས་ཅན་གྱི་དངོས་པོ། ། (2)དེའི་སྣ་ཚོགས་ཀྱི་དངོས་པོ། (3)དེའི་ལོངས་སྤྱོད་ཀྱི་དངོས་པོ་སྟེ་དེ་གསུམ་ལ་བྱིས་པ་རྣམས་ཀྱིས་ཀུན་ཏུ་བརྟགས་པའི་བདག་ནང་དང་ཕྱི་རོལ་དང་གཉི་ག་མེད་པར་ཡང་མི་དམིགས་པའོ། ། 2. གང་ཟག་ལ་བདག་མེད་པ་སྨོས་པར་བྱེད་ནི། རྣམ་པ་གཅིག་ཁོ་ནས་དམིགས་པ་ཡོངས་སུ་བསྟན་པ་ལས་ཏེ། དེ་ལ་དམིགས་པ་ནི་འདི་ཡིན་ཏེ། དངོས་པོ་གསུམ་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཉིད་ལ་རྟག་པ་ཉིད་མི་དམིགས་པས་བྱིས་པས་ཀུན་བརྟགས་པའི་བདག་དང་མཚན་ཉིད་མི་འདྲ་བ་དམིགས་པའོ། ། 3. ཆོས་སྟོང་པ་ཉིད་སྨོས་པར་བྱེད་ནི། རྣམ་པ་གཅིག་ཁོ་ནས་མི་དམིགས་པ་ཡོངས་སུ་བསྟན་པ་ལས་ཏེ། དེ་ལ་མི་དམིགས་པ་ནི་འདི་ཡིན་ཏེ། དངོས་པོ་གསུམ་པོ་མི་རྟག་པས་བསྡུས་པ་དེ་ཉིད་ལ་བྱིས་པ་ཀུན་བརྟགས་པ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་ནང་དང་ཕྱི་རོལ་དང་གཉི་ག་མ་གཏོགས་པར་མི་དམིགས་པའོ། ། 4. ཆོས་ལ་བདག་མེད་པ་སྨོས་པར་བྱེད་ནི། རྣམ་པ་གཅིག་ཁོ་ནས་དམིགས་པ་ཡོངས་སུ་བསྟན་པ་ལས་ཏེ། དེ་ལ་དམིགས་པ་ནི་འདི་ཡིན་ཏེ། དངོས་པོ་དེ་ཉིད་ལ་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དེ་དག་ཉིད་ཀྱི་སོ་སོ་རང་གི་རིག་པ་དང་མཐུན་པ། གཞན་དག་ལ་ཡང་བརྗོད་དུ་མེད་པ་གང་ཡིན་པ་དམིགས་པ་སྟེ། དེ་ལ་ཡང་རྣམ་པ་དྲུག་གིས་བྱིས་པས་ཀུན་བརྟགས་པ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དང་མཚན་ཉིད་མི་འདྲ་བ་དམིགས་ཏེ། (1)བདག་གིས་བརྟག་པར་མི་ནུས་པ། (2)གཞན་དག་ལ་བསྟན་དུ་མེད་པ། (3)དབང་པོ་གཟུགས་ཅན་གྱི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། (4)མཚན་མ་ཐམས་ཅད་ལས་ཡང་དག་པར་འདས་པ། (5)རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ།། (6)ཉོན་མོངས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་དང་དྲུག་གོ ། 5. སྒྲོ་འདོགས་པའི་མཐའ་སྨོས་པར་བྱེད་ནི། རྣམ་པ་གཉིས་ཀྱིས་ཏེ། བྱེ་བྲག་ཏུ་སྒྲོ་འདོགས་པ་ཡོངས་སུ་བསྟན་པ། ངོ་བོ་ཉིད་དུ་སྒྲོ་འདོགས་པ་ཡོངས་སུ་བསྟན་པ་དང་གཉིས་སོ། ། བྱེ་བྲག་ཏུ་སྒྲོ་འདོགས་པ་གང་ཞེ་ན། གོང་ནས་གོང་དུ་རྣམ་པ་བརྒྱད་དེ། (1)དངོས་པོ་དེ་ཉིད་ལ་རྟོག་པར་འཛིན་པས་སྒོ་འདོགས་པ། (2)མི་རྟག་པར་འཛིན་པས་སྒྲོ་འདོགས་པ། (3)་རྟག་པར་འཛིན་པས་སྒྲོ་འདོགས་པ་ལ་བརྟེན་ནས་བདག་ཏུ་འཛིན་པས་སྒྲོ་འདོགས་པ། (4)་མི་རྟག་པོར་འཛིན་པས་སྒྲོ་འདོགས་པ་ལ་བརྟེན་ནས་བདག་མེད་པར་འཛིན་པས་སྒྲོ་འདོགས་པ། (5)བདག་མེད་པར་འཛིན་པས་སྒྲོ་འདོགས་པ་ལ་བརྟེན་ནས་ཡང་དག་པའི་སེམས་སུ་འཛིན་པས་སྒྲོ་འདོགས་པ། (6)བདག་ཏུ་འཛིན་པས་སྒྲོ་འདོགས་པ་ལ་བརྟེན་ནས་ཡང་དག་པ་མ་ཡིན་པའི་སེམས་སུ་འཛིན་པས་སྒྲོ་འདོགས་པ། (7)་དེའི་གཉེན་པོ་རྣམ་པར་བྱང་བ་དག་ལ་ཡང་དག་པའི་སེམས་སུ་འཛིན་པས་སྒྲོ་འདོགས་པ་ལ་བརྟེན་ནས་དགེ་བ་ལ་སོགས་པར་འཛིན་པས་སྒྲོ་འདོགས་པ་ནས་རྣམ་པར་བྱུང་བའི་བར་དུ་འཛིན་པས་སྒྲོ་འདོགས་པ། (8)ཡང་དག་པ་མ་ཡིན་པའི་སེམས་སུ་འཛིན་པས་སྒྲོ་འདོགས་པ་ལ་བརྟེན་ནས་མི་དགེ་བ་ལ་སོགས་པར་འཛིན་པས་སྒྲོ་འདོགས་པ་ནས་ཀུན་ནས་ཉོན་མོངས་པའི་བར་དུ་འཛིན་པས་སྒྲོ་འདོགས་པ་དང་བརྒྱད་དོ། ། དེ་ལ་ངོ་བོ་ཉིད་དུ་སྒྲོ་འདོགས་པ་ནི་བྱེ་བྲག་ཏུ་སྒོ་འདོགས་པའི་གནས་གང་ཡིན་པ་སྟེ། དངོས་པོ་དེ་ཉིད་ལ་བྱིས་པས་ཀུན་བརྟགས་།ས་པ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དུ་སྒོ་འདོགས་པ་ཡོད་དོ་ཞེས་སྒྲོ་འདོགས་པའོ། ། 6. སྐུར་པ་འདེབས་པའི་མཐའ་སྨོས་པར་བྱེད་ནི། རྣམ་པ་གཅིག་གིས་ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པ་ཡོངས་སུ་བསྟན་པ་ལས་ཏེ། དེ་ལ་ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ལོག་པར་ཆོས་བདག་མེད་པ་ལ་མོས་པ་རྣམ་པ་ཐམས་ཅད་དུ་ཆོས་ཀྱི་མཚན་ཉིད་དུ་ཐམས་ཅད་མེད་པ་ཉིད་དུ་མངོན་པར་ཞེན་པ་ཡིན་ནོ། ། 7. ཆོས་མངོན་པར་རྟོགས་པ་སྨོས་པར་བྱེད་ནི། རྣམ་པ་གསུམ་གྱིས་ཏེ། (1)དངོས་པོ་དེ་ཉིད་དང་། བཞི་པ་སྐྱེ་བའི་དངོས་པོ་མི་མཐུན་པའི་ཕྱོགས་དང་གཉེན་པོ་དང་། འདུས་བྱས་དང་། འདུས་མ་བྱས་སུ་རྣམ་པར་གནས་པ་ལོ་ངོ་བོ་ཉིད་མི་དམིགས་པ་ཡོངས་སུ་བསྟན་པ། (2)བྱེ་བྲག་མི་དམིགས་པ་ཡོངས་སུ་བསྟན་པ། (3)དེ་གོམས་པར་བྱས་པས་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པ་ཡོངས་སུ་བསྟན་པ་དང་གསུམ་མོ། ། དེ་ལ་ངོ་བོ་ཉིད་མི་དམིགས་པ་ནི་འདི་ཡིན་ཏེ། བྱིས་པས་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་མི་དམིགས་པ་གང་ཡིན་པའོ། དེ་ལ་བྱེ་བྲག་མི་དམིགས་པ་ནི་འདི་ཡིན་ཏེ། ངོ་བོ་ཉིད་དེ་ཉིད་ལ་སྐྱེ་བ་དང་འགག་པ་ཡང་དག་པར་འགྲུབ་པ་གཉིས་སུ་མེད་པས་མི་དམིགས་པ་ག་པ་གང་ཡིན་པའོ། ། དེ་ལ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པ་ནི་འདི་ཡིན་ཏེ། དེའི་ངོ་བོ་ཉིད་དང་དེའི་མཚན་མ་ཡིད་ལ་མི་བྱེད་ཅིང་ཡང་དག་པར་མི་སྣང་བའི་སྦྱོར་བས་སོ་སོ་རང་རིག་པ་དང་མཐུན་པའི་ཤེས་པ་རབ་ཏུ་རྟོགས་པ་གང་ཡིན་པའོ། ། 8. ཆོས་མངོན་པར་རྟོགས་པ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་ཉིད་སྨོས་པར་བྱེད་ནི། རྣམ་པ་གཅིག་གིས་སོ་སོར་བརྟགས་ཏེ། གཉེན་པོ་ཐོབ་པས་མི་མཐུན་པའི་ཕྱོགས་མི་སྤོང་བ་ལས་ཏེ། དེ་ལ་གཉེན་པོ་དང་མི་མཐུན་པ་ནི་འདི་ཡིན་ཏེ། སྟོང་པ་ཉིད་ནི་ཉོན་མོངས་པའི་གཉེན་པོའོ། ། སྨོན་པ་མེད་པ་ནི་སྲིད་པར་སྨོན་པའི་གཉེན་པོའོ། ། མཚན་མ་མེད་པ་ནི་མཚན་མ་རྣམས་ཀྱི་གཉེན་པོ་སྟེ། དེ་དག་ཐམས་ཅད་ཀྱང་མངོན་པར་འདུ་བྱེད་པ་མེད་པ་ཞེས་བྱའོ། ། དེ་ཡང་ཡང་སྲིད་པ་འབྱུང་བར་བྱེད་པའི་ལས་གཉེན་པོ་དང་། སྐྱེ་བའི་རྒྱུན་དང་། སྐད་ཅིག་སྐྱེ་བའི་རྒྱུན་གྱི་གཉེན་པོ་ཡིན་ནོ། ། འགོག་པ་མྱ་ངན་ལས་འདས་པ་ནི་འདུ་བྱེད་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་སྟེ། དེའི་མི་མཐུན་པའི་ཕྱོགས་ནི་འཁོར་བའི་རྒྱུན་ཡིན་ནོ། ། བྱུང་ཆུབ་སེམས་དཔའི་གཉེན་པོ་དེས་སོ་སོར་བརྟགས་ཏེ་མི་མཐུན་པའི་ཕྱོགས་མི་སྤོངས་པ་གང་ཡིན་པ་དེ་ནི་སེམས་ཅན་ལ་སྙིང་བརྩེ་བ་ལས་བརྟེན་ཏེ་བྱང་ཆུབ་ཆེན་པོ་འདོད་པ་ཡིན་ནོ། ། 9. དེ་ལྟར་ཞུགས་པའི་སེམས་ཉོན་མོངས་པ་དང་། སྡུག་བསྔལ་དག་གིས་ཡོངས་སུ་མ་གཏུགས་པ་ཉིད་སྨོས་པར་བྱེད་ནི། རྣམ་པ་གཅིག་གིས་མི་མཐུན་པའི་ཕྱོགས་མ་སྤངས་པའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པ་ལས་ཏེ། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པ་ལས་ཏེ། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པ་ནི་འདི་ཡིན་ཏེ། ཆོས་ལ་བདག་མེད་པའི་སྦྱོར་བས་ཆོས་དེ་དག་ཉིད་ལ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པ་དང་། སྡུག་བསྔལ་མེད་པར་ཡང་དག་པར་རྗེས་སུ་མཐོང་བའོ། ། 10. བདག་མེད་པ་གཉིས་ལ་མོས་པའི་ཁྱད་པར་སྨོས་པར་བྱེད་ནི། རྣམ་པ་བཞི་སྟེ། (1)ལྟ་བའི་བྱེ་བྲག་ཡོངས་སུ་བསྟན་པ་ནི། གང་ཟག་ལ་བདག་མེད་པ་གནས་པ་ནི་མྱ་ངན་ལས་འདས་པ་ལ་ཕྱི་མར་བདག་ཉིད་ཆད་པར་མངོན་པའི་ང་རྒྱལ་ཅན་དུ་འགྱུར་བ་དང་། གཟུང་བ་ཡོངས་སུ་བརྟགས་པའི་ཕྱིར་དང་། འཛིན་པ་གཏན་དུ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དང་བྲལ་བ་སྟོང་པ་ཉིད་ཀྱིས་བསྡུས་པ་ཡོངས་སུ་མ་བརྟགས་པའི་ཕྱིར་ཤེས་བྱ་ཤིན་ཏུ་མ་རྟོགས་པས་ཆོས་ཀྱི་བདག་ཉིད་ལ་མངོན་པར་ཞེན་པ་དེས་ཉོན་མོངས་པ་སྤོང་བ་ལ་སོགས་པ་སྤོང་བ་ཡོངས་སུ་ཚོལ་བར་བྱེད་ཀྱི། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ནོ། ། (2)དེ་ཉིད་ཆེས་དམན་པའི་བྱེ་བྲག་ཡོངས་སུ་བསྟན་པ་ནི། གང་ཟག་ལ་བད་ལ་བདག་མེད་པ་གནས་པ་ནི་རྒྱུ་གཉིས་པོ་སྡུག་བསྔལ་བར་གནས་པ་དང་། རིམ་གྱིས་འཛིན་པ་གཉིས་ཀྱིས་ཉམས་པས་སྡུག་བསྔལ་ལས་རྣམ་པར་མ་ཐར་པའི་ཕྱིར་སོ་སོའི་སྐྱེ་བོ་བདག་ཏུ་ལྟ་བ་དང་ལྡན་པ་བས་ཀྱང་ཆེས་དམན་པས་དམན་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་པའོ། ། (3) སྤོང་བ་ལ་རྣམ་པར་འཁྲུལ་པའི་བྱེ་བྲག་ཡོངས་སུ་བསྟན་པ་ནི། གང་ཟག་ལ་བདག་མེད་པ་གནས་པ་ནི་ཆོས་བདག་མེད་པ་ལ་མེད་པ་ཉིད་དུ་མངོན་པར་ཞེན་པས་སྐྲག་ཅིང་། ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་ཡོད་པ་ལ་ཆད་པ་ཡོངས་སུ་མི་ཚོལ་གྱི། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་པའོ། ། (4)སེམས་རྣམ་པར་འཁྲུལ་པའི་བྱེ་བྲག་ཡོངས་སུ་བསྟན་པ་ནི། གང་ཟག་ལ་བདག་མེད་པ་གནས་པ་དེ་ལྟར་སྤོང་བ་ལ་རྣམ་པར་འཁྲུལ་པ་ནི་རང་གི་ཀུན་ཏུ་རྟོག་པ་ལས་བྱུང་བའི་ཡུལ་རྣམས་ལ་འདུ་ཤེས་ཕྱིན་ཅི་ལོག་ལ་སོགས་པས་ཕྱིན་ཅི་ལོག་ཏུ་འགྱུར་གྱི། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་པའོ། ། 11. བདག་མེད་པ་སྔ་མ་ཤོས་ཕྱི་མའི་རྒྱུ་ཉིད་ཡིན་པ་སྨོས་པར་བྱེད་ནི། རྣམ་པ་གཉིས་ཀྱིས་ཏེ། (1) འཛིན་པ་ལ་སོ་སོར་རྟོག་པ་ཡོངས་སུ་བསྟན་པ་ནི། བདག་མེད་པའི་ཤེས་པ་དེ་ཉིད་ལ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དང་བྲལ་བ་ཉིད་དང་དེས་ཀུན་བརྟགས་པ་དང་བྲལ་བ་ཉིད་དང་། མཚན་ཉིད་མེད་པ་ཉིད་དང་། སྐད་ཅིག་མ་ཉིད་ཀྱིས་བཏང་བར་བྱ་བ་ཡིན་པར་སོ་སོར་རྟོག་པ་གང་ཡིན་པའོ། ། (2)དེ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པ་ཡོངས་སུ་བསྟན་པ་ནི། ། གཟུང་བ་དང་འཛིན་པ་ལ་ཡོངས་སུ་རྟོག་པར་བྱེད་པའི་ཚུལ་བཞིན་ཡིད་ལ་བྱེད་པ་དག་ཡིད་ལ་བྱས་པའི་རྒྱུས་སོ་སོ་རང་རིག་པ་དང་མཐུན་པའི་ཤེས་པ་ངེས་པ་སྐྱེས་པ་གང་ཡིན་པའོ། ། 12. མཐར་ཐུག་པའི་སྟོང་པ་ཉིད་སྨོས་པར་བྱེད་ནི། རྣམ་པ་གཅིག་གིས་ཆོས་བདག་མེད་པའི་ཤེས་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་ལས་ཏེ། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་ནི་འདི་ཡིན་ཏེ། ལས་དང་ཉོན་མོངས་པ་མཚན་ཉིད་འདྲ་བར་མཐོང་བའི་ཕྱིར་བརྗོད་དུ་མེད་པའི་ཆོས་ཉིད་གང་ཡིན་པ་དང་། ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་དང་། དེ་ལྟར་མངོན་པར་ཞེན་པར་བྱར་མེད་པའི་ཕྱིར་དང་། སྐད་ཅིག་པ་ཉིད་ཡིན་པའི་ཕྱིར་རོ། ། 13. སྟོང་པ་ཉིད་ཀྱི་མཐུ་སྨོས་པར་བྱེད་ནི། རྣམ་པ་གཅིག་གིས་ལས་དང་ཉོན་མོངས་པ་སྦྱོང་བའི་གཉེན་པོ་ཡོངས་སུ་བསྟན་པ་ལས་ཏེ། དེ་ལ་སྦྱོང་བ་ནི་འདི་ཡིན་ཏེ། ཤེས་པའི་སྣང་བ་དེ་སྐད་ཅིག་དེ་ཉིད་ལ་སྐྱེས་པས་ཐོག་མ་མེད་པའི་དུས་ནས་བྱུང་བའི་ལས་དང་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་པའོ། ། |
Tibetan Source | 《བསྟན་འགྱུར་སེམས་ཙམ་ཟི་པ་》ཤ་111ན་3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |