10332

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:26, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ལུས་ཀྱི་རྩའི་རྒྱུན་བཅུ་གསུམ།
Tibetan Alternate
Tibetan Definition དེ་ཡང་། ལུས་དྲན་པ་ཉེ་བར་གཞིག་པོ་ལས་བྱུང་བ་སྟེ།

1. སྲོག་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི། སྙིང་གི་གཞི་ལས་སོ། ། 2. མཐར་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི། རྩིབ་ལོགས་ཀྱི་གཞི་ལས་སོ། ། 6. ཆུ་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི། ལོང་ཀ་དང་གློ་བ་དང་བད་ཀན་རྣམས་ཀྱི་གཞི་ལས་སོ། ། 4. རྔུལ་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི། སྤུའི་ཁུང་བུ་རྣམས་དང་ཚིལ་གྱི་གཞི་ལས་སོ། ། 5. གཅིན་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི། ལྷོང་ལྤགས་དང་ཕོ་མཚན་གྱི་གཞི་ལས་སོ། ། 6. རྟུག་པ་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི། པོ་བ་དང་ཚིལ་ཁྲིག་དང་གཞང་རྣམས་ཀྱི་གཞི་ལས་སོ། ། 7. བདག་གི་དྭངས་མ་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི། མཇིང་པའི་རྩ་བཅུ་དང་མཆིན་པ་དང་སྙིང་རྣམས་ཀྱི་གཞི་ལས་སོ། ། 8. ཁྲག་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི། བདག་གི་མཚེར་པ་དང་མཆིན་པའི་གཞི་ལས་སོ། ། 9. ཤ་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི། པགས་པ་དང་ཆུ་རྒྱུས་ཀྱི་གཞི་ལས་སོ། 10. ཚིལ་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི། མཁལ་མ་དང་ཞག་རྣམས་ཀྱི་གཞི་ལས་ཏེ། གཞུག་རུས་ཀྱི་གཞི་ལས་དང་། 11. བདག་གི་རུས་པ་རྒྱུ་བའི་རྒྱུན་རྣམས་ཀྱི་གཞི་ལས་ནི། ལོགས་དང་ཟས་ཀྱི་གནས་དང་པོ་དང་གློ་བ་རྣམས་ལས་ཡིན། 12. – 13.ལྷ་བ་དང་ཁུ་ཆུ་རྒྱུ་བའི་རྒྱུན་དག་གིས་ནི། མཚམས་ཐམས་ཅད་དང་རུས་པ་རྣམས་ཀྱི་གཞི་ལས་སོ། །

Tibetan Source 《མདོ་ར་པ་》ཤ་191ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number