10413

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:26, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ལུས་དང་ཡིད་ལས་མི་འཇིགས་པའི་ཡོན་ཏན་བཅུ་བཞི།
Tibetan Alternate
Tibetan Definition དེ་ཡང་། སངས་རྒྱས་གཙུག་ཏོར་དཔའ་བར་འགྲོ་བ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ།

1.བདག་(བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་)ཕྱི་རོལ་གྱི་སྒྲ་ལ་མི་གཞོལ་བ་ནི།བདག་ཕྱི་རོལ་གྱི་སྒྲ་ལ་མི་གཞོལ་བ་ཉིད་ཀྱིས་ཕྱོགས་བཅུའི་སེམས་ཅན་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དག་སོ་སོས་བདག་གི་མིང་སྨོས་པ་ཙམ་གྱིས་བདག་གིས་ཐོས་ཤིང་དེ་དག་དེ་མ་ཐག་ཏུ་གྲོལ་བར་བྱེད་ནུས་སོ། ། 2.ཤེས་པ་མཐོང་བ་ཕྱིར་བསྡུས་པ་ནི། ། ཤེས་པ་མཐོང་བ་ཕྱིར་བསྡུས་པ་ཉིད་ཀྱིས་གལ་ཏེ་སེམས་ཅན་ཐམས་ཅད་མེ་ཆེན་པོའི་ནང་དུ་ཆུད་ནའང་མེས་མི་འཚིག་པར་བྱེད་ནུས་སོ། ། 3.བལྟ་བ་མཉམ་པ་ཕྱིར་བསྡུས་པ་ནི། བལྟ་བ་མཉམ་པ་ཕྱིར་བསྡུས་པ་ཉིད་ཀྱིས་གལ་ཏེ་སེམས་ཅན་ཐམས་ཅད་ཆུ་བོ་ཆེན་པོས་ཁྱེར་ནའང་ཆུར་མི་འབྱིང་བར་བྱེད་ནུས་སོ། ། 4.ཕྱིན་ཅི་ལོག་གི་སེམས་རྒྱུན་འཆད་ཅིང་གསོད་པ་དང་འཚེ་བའི་སེམས་མེད་པ་ནི། ཕྱིན་ཅི་ལོག་གི་སེམས་རྒྱུན་འཆད་ཅིང་གསོད་པ་དང་འཚེ་བའི་སེམས་མེད་པ་ཉིད་ཀྱིས་གལ་ཏེ་སེམས་ཅན་ཐམས་ཅད་འདྲེ་གནས་པའི་ཡུལ་དུ་གནས་ནའང་འདྲེས་འཚེ་བར་བྱེད་མི་ནུས་སོ། ། 5.མཉན་པ་ལས་ཕྱིར་བསྡུས་ནས་མཉན་པའི་རང་བཞིན་ལ་ཞུགས་པ་ནི། མཉན་པ་ལས་ཕྱིར་བསྡུས་ནས་མཉན་པའི་རང་བཞིན་ལ་ཞུགས་པས་དབང་པོ་དྲུག་པོ་དག་ནས་སྒྲ་དང་མཉན་བྱེད་མཉམ་པ་ཉིད་དུ་གྱུར་པ་ཉིད་ཀྱིས་གལ་ཏེ་སེམས་ཅན་གང་དག་གསོད་དུ་ཉེ་བ་ན་རལ་གྲི་དུམ་བུ་དུམ་བུར་ཆད་ཅིང་ཆུ་ལ་མཚོན་བཏབ་པ་དང་འོད་ལ་ཕུ་བཏབ་པ་བཞིན་དུ་ལུས་སྒུལ་བར་མི་ནུས་སོ། ། 6.ཐོས་པ་ལས་རིམ་གྱིས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་མངོན་དུ་གྱུར་པ་ནི། ཐོས་པ་ལས་རིམ་གྱིས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་འོད་གསལ་བ་མངོན་དུ་གྱུར་པས་མི་གསལ་བ་དང་མུན་པའི་རང་བཞིན་དང་བྲལ་བ་ཉིད་ཀྱིས་གལ་ཏེ་སེམས་ཅན་ཐམས་ཅད་ལ་གནོད་བྱེད་དང་སྲིན་པོ་དང་གྲུལ་བུམ་དང་འབྱུང་པོ་དང་ཤ་ཟ་དང་སྲུལ་པོ་ལ་སོགས་པས་ཉེ་བར་མཐོ་བཙམས་པར་འོང་ནའང་མིག་གིས་བལྟ་བ་ཙམ་ཡང་མི་ནུས་སོ། ། 7.སྒྲའི་རང་བཞིན་རྣམ་པར་དག་ནས་མཐོང་བ་དང་ཐོས་པ་ནི། སྒྲའི་རང་བཞིན་རྣམ་པར་དག་ནས་མཐོང་བ་དང་ཐོས་པ་ཕྱིར་བསྡུས་ཤིང་ཡུལ་རྫུན་པ་དང་བྲལ་བ་ཉིད་ཀྱིས་གལ་ཏེ་སེམས་ཅན་ཐམས་ཅད་ལ་གསོས་དང་ལྕགས་སྒྲོག་གིས་བཅིངས་ན་ཡང་མནར་མི་ནུས་པར་བྱེད་དོ། ། 8.སྒྲའི་དམིགས་པ་ཞི་ཞིང་མཉན་པའི་རང་བཞིན་ལ་ཞུགས་པ་ནི། སྒྲའི་དམིགས་པ་ཞི་ཞིང་མཉན་པའི་རང་བཞིན་ལ་ཞུགས་ནས་བྱམས་པའི་སྟོབས་ཀུན་ཏུ་ཁྱབ་པ་ཉིད་ཀྱིས་གལ་ཏེ་སེམས་ཅན་ཐམས་ཅད་འབྲོག་དགོན་པ་དང་གཡང་ཁ་སོགས་ཉམ་ང་བའི་སར་ཕྱིན་པ་ན་རྐུན་པོས་འཇོམས་མི་ནུས་པར་བྱེད་དོ། ། 9.ཐོས་པ་ལས་རིམ་གྱིས་ཡུལ་དང་བྲལ་བ་ནི། ཐོས་པ་ལས་རིམ་གྱིས་ཡུལ་དང་བྲལ་ནས་གཟུགས་ཀྱིས་འཕྲོག་པར་མི་ནུས་པ་ཉིད་ཀྱིས་སེམས་ཅན་འདོད་ཆགས་ཅན་ཐམས་ཅད་ཀྱི་འདོད་ཆགས་རིང་དུ་སྤོང་ནུས་པར་བྱེད་དོ། ། 10.སྒྲའི་རང་བཞིན་ཡུལ་གྱིས་མ་གོས་པ་ནི། སྒྲའི་རང་བཞིན་ཡུལ་གྱིས་མ་གོས་པས་དབང་པོ་དང་ཡུལ་མཉམ་པ་ཉིད་དུ་གྱུར་ཅིང་ལྟོས་བྱ་ལྟོས་བྱེད་མེད་པ་ཉིད་ཀྱིས་སེམས་ཅན་ཞེ་སྡང་ཅན་ཐམས་ཅད་ཞེ་སྡང་དང་འབྲེལ་ནུས་པར་བྱེད་དོ། ། 11.ཡུལ་གྱི་དམིགས་པ་ཟད་ཅིང་ཕྱིར་བསྡུས་པ་ནི། ཡུལ་གྱི་དམིགས་པ་ཟད་ཅིང་ཕྱིར་བསྡུས་ནས་ཆོས་ཀྱི་དབྱིངས་དང་ལུས་སེམས་བིཌཱུརྱ་ལྟར་གསལ་ཞིང་སྒྲིབ་ཐོགས་མེད་པ་ཉིད་ཀྱིས་རྟུལ་ཞིང་རྨོངས་པའི་སྒྲིབ་པ་ཅན་གྱི་སེམས་ཅན་ཐམས་ཅད་གཏི་མུག་དང་འབྲལ་བར་བྱེད་ནུས་སོ། ། 12.རྣམ་པ་རྣམས་བསྡུས་ནས་ཐོས་པའི་རང་བཞིན་དུ་ཞུགས་པ་ནི། རྣམ་པ་རྣམས་བསྡུས་ནས་ཐོས་པའི་རང་བཞིན་དུ་ཞུགས་ནས་ཆོས་ཀྱི་དབྱིངས་ལས་མི་གཡོ་བར་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སོང་སྟེ་འཇིག་རྟེན་གྱི་སྤྱོད་པ་འཇིག་པར་ཡང་མི་བྱེད་ལ་ཕྱོགས་བཅུ་ཐམས་ཅད་དུ་ཕྱིན་ནས་རྡུལ་རྙེད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ཅིང་དེ་བཞིན་གཤེགས་པ་རེ་རེའི་དྲུང་དུ་ཆོས་ཀྱི་རྒྱལ་པོའི་སྲས་སུ་འགྱུར་བར་བྱེད་ནུས་པའི་ཕྱིར་འཇིག་རྟེ་ན་ན་བུ་མེད་པ་དག་བུ་དོན་དུ་གཉེར་ན་བུ་བསོད་ནམས་དང་ལྡན་ཞིང་བློ་གྲོས་ཆེ་བ་སྐྱེ་བར་བྱེད་ནུས་སོ། ། 13.དབང་པོ་དྲུག་གི་དེ་ཁོ་ན་ཉིད་མཐར་ཐུག་པ་གསལ་བར་མཁྱེན་པ་ནི། དབང་པོ་དྲུག་གི་དེ་ཁོ་ན་ཉིད་མཐར་ཐུག་པ་གསལ་བར་མཁྱེན་པ་ནི། གཉིས་སུ་མེད་ཅིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དེའི་ནང་དུ་ཆུད་པའི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྱུར་ཅིང་སྟོང་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོར་གྲུབ་ནས་ཕྱོགས་བཅུའི་རྡུལ་རྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་ཚུལ་ཟབ་མོ་གུས་པས་ཉམས་སུ་བླངས་ནས་མི་ཉམས་པའི་ཕྱིར་འཇིག་རྟེན་ན་བུ་མོ་འདོད་ན་བརྟན་ཅིང་དུལ་ལ་ཚུལ་བཟང་པོ་བསོད་ནམས་ཀྱི་དཔལ་དང་ལྡན་པ་ཡིད་དུ་འོང་ཞིང་ཀུན་གྱིས་བཀུར་བའི་བུ་མོ་སྐྱེ་བར་བྱེད་ནུས་སོ། ། 14.སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ད་ལྟ་བཞུགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཉི་མ་དང་ཟླ་བ་བྱེ་བ་ཕྲག་བརྒྱ་དང་ལྡན་པ་ན་ད་ལྟ་བཞུགས་པ་ཆོས་ཀྱི་རྒྱལ་པོའི་སྲས་གངྒཱའི་ཀླུང་གི་བྱེ་མ་སྙེད་དྲུག་ཅུ་རྩ་གཉིས་ཀྱི་གྲངས་དང་མཉམ་པ་དག་གིས་ཐབས་ལ་མཁས་པ་ཐ་དད་པས་བདག་ཉིད་ཆོས་སྤྱོད་ཅིང་གཞན་ལ་བསྟན་ནས་ལམ་བཟང་པོར་བཀྲི་ཞིང་འདུལ་བ་དང་སེམས་ཅན་ཐམས་ཅད་རང་རང་གི་སྐལ་བ་དང་འཚམ་པར་བདག་ཉིད་ཀྱིས་ཐོབ་པའི་མངོན་པར་བྱང་ཆུབ་པའི་རྩ་བའི་རྒྱུ་རྣ་བའི་སྒོ་ནས་མཆོག་ཏུ་གསལ་བར་བྱས་པའི་རྗེས་སུ་ལུས་དང་སེམས་ཀྱི་ནང་དུ་ཤིན་ཏུ་རྨད་དུ་བྱུང་བའི་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པ་དག་ཆུད་པའི་སེམས་ཅན་ཐམས་ཅད་ཀྱིས་བདག་གི་མིང་ནས་བོས་པ་དང་། གངྒཱའི་ཀླུང་གི་བྱེ་མ་སྙེད་དྲུག་ཅུ་རྩ་གཉིས་ཀྱི་གྲངས་དང་མཉམ་པའི་ཆོས་ཀྱི་རྒྱལ་པོའི་སྲས་དག་གི་མིང་ནས་བོས་པའི་སྐྱེ་བོ་གཉིས་ཀྱི་ཕན་ཡོན་དང་བསོད་ནམས་མཉམ་མོ། །

Tibetan Source 《མདོ་ཝ་པ་》494བ་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number