10821
Jump to navigation
Jump to search
Tibetan | ཚུལ་བཞིན་བྱེད་པའི་བདག་ཉིད་ལ་བར་དུ་གཅོད་པའི་ཆོས་ཉི་ཤུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་དོན་རྒྱས་པ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ།
1.མི་བརྩོན་པ། 2.མི་བརྩོན་པ་དང་མི་འགྲོགས་པ། 3.ཡོངས་སུ་མི་འདྲི་བ། 4.མི་མཐུན་པའི་ལུང་། 5.ལུགས་ལྟར་ལྐུགས་པ་ཉིད། 6.སྲེད་པ་ཅན་ཉིད། 7.བྱ་བ་མང་བ་ཉིད། 8.ལས་ཀྱི་མཐའ་ཉེས་པར་བྱས་པ་ཉིད། 9.བརྩོན་པ་བཏང་བ་ཉིད། 10.བར་དུ་གཅོད་པ་རྣམས་ཐོས་ན་ཉམ་ང་བ་ཉིད། 11.ཁེངས་པ། 12.མི་མཐུན་པར་འཛིན་པ་ཉིད། 13.བརྗེད་ངེས་པ་ཉིད། 14.བག་མེད་པ། 15.ཡུལ་དུ་མི་གནས་པ། 16.དབང་པོ་རྣམས་ཀྱི་སྒོ་མ་བསྲུངས་པ་ཉིད། 17.ཟས་ཀྱི་ཚོད་མི་རིག་པ་ཉིད། 18.ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་མི་བརྩོན་པ་ཉིད། 19.དབེན་པ་ལ་མངོན་པར་མི་དགའ་བ། 20.ཇི་ལྟ་བ་བཞིན་ལ་སོ་སོར་མི་རྟོག་པ་བཅས་སོ། ། |
Tibetan Source | 《མདོ་ལ་པ་》ཤ་292བ་6ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |