10911

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:28, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan སྨོན་འཇུག་སེམས་བསྐྱེད་ཀྱི་དབྱེ་བ་ཉི་ཤུ་རྩ་གཉིས།
Tibetan Alternate
Tibetan Definition འདི་ལ་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། 1.ས་ལྟ་བུའི་སེམས་བསྐྱེད་ནི། བྱང་སེམས་ཚོགས་ལམ་ཆུང་ངུ་བའི་རྒྱུད་ཀྱི་འདུན་པ་དང་མཚུངས་ལྡན་གྱི་ས་ལྟ་བུའི་སེམས་བསྐྱེད་དོ། ། 2.གསེར་ལྟ་བུའི་སེམས་བསྐྱེད་ནི། བྱང་སེམས་ཚོགས་ལམ་འབྲིང་པོ་བའི་རྒྱུད་བསམ་པ་དང་མཚུངས་ལྡན་གྱི་གསེར་ལྟ་བུའི་སེམས་བསྐྱེད་དོ། ། 3.ཟླ་བ་ཚེས་པ་ལྟ་བུའི་སེམས་བསྐྱེད་ནི། བྱང་སེམས་ཚོགས་ལམ་ཆེན་པོ་བའི་རྒྱུད་ཀྱི་ལྷག་པའི་བསམ་པ་དང་མཚུངས་ལྡན་གྱི་ཟླ་བ་ཚེས་པ་ལྟ་བུའི་སེམས་བསྐྱེད་དོ། ། 4.མེ་ལྟ་བུའི་སེམས་བསྐྱེད་ནི། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་སྦྱོར་བ་དང་མཚུངས་ལྡན་གྱི་མེ་ལྟ་བུའི་སེམས་བསྐྱེད་དོ། ། གོང་གསལ་བཞི་ལ་མོས་པའི་སྤྱོད་པའི་སེམས་བསྐྱེད་ཅེས་བརྗོད། 5.གཏེར་ལྟ་བུའི་སེམས་བསྐྱེད་ནི།ས་དང་པོ་བའི་རྒྱུད་ཀྱི་སྦྱིན་པ་དང་མཚུངས་ལྡན་གྱི་གཏེར་ལྟ་བུའི་སེམས་བསྐྱེད་དོ། ། 6.རིན་པོ་ཆེའི་འབྱུང་གནས་ལྟ་བུའི་སེམས་བསྐྱེད་ནི། ས་གཉིས་པ་བའི་རྒྱུད་ཀྱི་ཚུམས་ཁྲིམས་དང་མཚུངས་ལྡན་གྱི་རིན་པོ་ཆེའི་འབྱུང་གནས་ལྟ་བུའི་སེམས་བསྐྱེད་དོ། ། 7.རྒྱ་མཚོ་ལྟ་བུའི་སེམས་བསྐྱེད་ནི། ས་གསུམ་པའི་རྒྱུད་ཀྱི་བཟོད་པ་དང་མཚུངས་ལྡན་གྱི་རྒྱ་མཚོ་ལྟ་བུའི་སེམས་བསྐྱེད་དོ། ། 8.རྡོ་རྗེ་ལྟ་བུའི་སེམས་བསྐྱེད་ནི། ས་བཞི་པ་བའི་རྒྱུད་ཀྱི་བརྩོན་འགྲུས་དང་མཚུངས་ལྡན་གྱི་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་དོ། ། 9.རི་ཡི་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ནི། ས་ལྔ་པ་བའི་རྒྱུད་ཀྱི་བསམ་གཏན་དང་མཚུངས་ལྡན་གྱི་རི་ཡི་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དོ། ། 10.སྨན་ལྟ་བུའི་སེམས་བསྐྱེད་ནི། ས་དྲུག་པ་བའི་རྒྱུད་ཀྱི་ཤེས་རབ་དང་མཚུངས་ལྡན་གྱི་སྨན་ལྟ་བུའི་སེམས་བསྐྱེད་དོ། ། 11.དགེ་བའི་བཤེས་གཉེན་ལྟ་བུའི་སེམས་བསྐྱེད་ནི། ས་བདུན་པ་བའི་རྒྱུད་ཀྱི་ཐབས་ཀྱི་ཕར་ཕྱིན་དང་མཚུངས་ལྡན་གྱི་དགེ་བའི་བཤེས་གཉེན་ལྟ་བུའི་སེམས་བསྐྱེད་དོ། ། འདི་བདུན་ལ་ལྷག་བསམ་དག་པའི་སེམས་བསྐྱེད་ཅེས་བརྗོད། ། 12.ཡིད་བཞིན་ནོར་བུ་ལྟ་བུའི་སེམས་བསྐྱེད་ནི། ས་བརྒྱད་པ་བའི་རྒྱུད་ཀྱི་སྨོན་ལམ་གྱི་ཕར་ཕྱིན་དང་མཚུངས་ལྡན་གྱི་ཡིད་བཞིན་ནོར་བུ་ལྟ་བུའི་སེམས་བསྐྱེད་དོ། ། 13.ཉི་མ་ལྟ་བུའི་སེམས་བསྐྱེད་ནི། ས་དགུ་པ་བའི་རྒྱུད་ཀྱི་སྟོབས་ཀྱི་ཕར་ཕྱིན་དང་མཚུངས་ལྡན་གྱི་ཉི་མ་ལྟ་བུའི་སེམས་བསྐྱེད་དོ། ། 14.དྲི་ཟའི་གླུ་དབྱངས་ལྟ་བུའི་སེམས་བསྐྱེད་ནི། ས་བཅུ་པ་བའི་རྒྱུད་ཀྱི་ཡེ་ཤེས་ཀྱི་ཕར་ཕྱིན་དང་མཚུངས་ལྡན་གྱི་དྲི་ཟའི་གླུ་དབྱངས་ལྟ་བུའི་སེམས་བསྐྱེད་དོ། ། 15.རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ནི། ས་བརྒྱད་པ། ས་དགུ་པ། ས་བཅུ་པ་སྟེ་དག་པ་ས་གསུམ་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་མངོན་ཤེས་ལྔ་དང་མཚུངས་ལྡན་གྱི་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དོ། ། 16.བང་མཛོད་ལྟ་བུའི་སེམས་བསྐྱེད་ནི། ཡང་དག་པ་ས་གསུམ་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་མཚུངས་ལྡན་གྱི་བང་མཛོད་ལྟ་བུའི་སེམས་བསྐྱེད་དོ། 17.ལམ་པོ་ཆེ་ལྟ་བུའི་སེམས་བསྐྱེད་ནི། ཡང་དག་པ་ས་གསུམ་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་བྱང་ཕྱོགས་སོ་བདུན་དང་མཚུངས་ལྡན་གྱི་ལམ་པོ་ཆེ་ལྟ་བུའི་སེམས་བསྐྱེད་དོ། ། 18.བཞོན་པ་ལྟ་བུའི་སེམས་བསྐྱེད་ནི། ཡང་དག་པ་ས་གསུམ་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་སྙིང་རྗེ་དང་ལྷག་མཐོང་དང་མཚུངས་ལྡན་གྱི་བཞོན་པ་ལྟ་བུའི་སེམས་བསྐྱེད་དོ། ། 19.བཀོད་མའི་ཆུ་ལྟ་བུའི་སེམས་བསྐྱེད་ནི། ཡང་དག་པ་ས་གསུམ་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་གཟུངས་དང་སྤོབས་པ་དང་མཚུངས་ལྡན་གྱི་བཀོད་མའི་ཆུ་ལྟ་བུའི་སེམས་བསྐྱེད་དོ། ། 20.སྒྲ་སྙན་ལྟ་བུའི་སེམས་བསྐྱེད་ནི། བྱང་སེམས་ས་བཅུ་པ་བའི་རྒྱུད་ཀྱི་ཆོས་ཀྱི་དགའ་སྟོན་དང་མཚུངས་ལྡན་གྱི་སྒྲ་སྙན་ལྟ་བུའི་སེམས་བསྐྱེད་དོ། ། ས་བརྒྱད་པ་བའི་རྒྱུད་ཀྱི་སྨོན་ལམ་གྱི་ཕར་ཕྱིན་དང་མཚུངས་ལྡན་གྱི་ཡིད་བཞིན་ནོར་བུ་ལྟ་བུའི་སེམས་བསྐྱེད་ནས། སྒྲ་སྙན་ལྟ་བུའི་སེམས་བསྐྱེད་སངས་རྒྱས་ཀྱི་ས་ཡི་སྦྱོར་བས་བསྡུས་པ་འདི་མན་གྱི་སེམས་བསྐྱེད་དགུ་ནི་རྣམ་པར་སྨིན་པའི་སེམས་བསྐྱེད་ཡིན་ནོ། ། 21.ཆུ་བོའི་རྒྱུན་ལྟ་བུའི་སེམས་བསྐྱེད་ནི། གཙོ་བོ་ལོངས་སྐུའི་རྒྱུད་ཀྱི་བགྲོད་པ་གཅིག་པའི་ལམ་དང་མཚུངས་ལྡན་གྱི་ཆུ་བོའི་རྒྱུན་ལྟ་བུའི་སེམས་བསྐྱེད་དོ། ། 22.སྤྲིན་ལྟ་བུའི་སེམས་བསྐྱེད་ནི། གཙོ་བོ་སྤྲུལ་སྐུའི་རྒྱུད་ཀྱི་ཐབས་མཁས་དང་མཚུངས་ལྡན་གྱི་སྤྲིན་ལྟ་བུའི་སེམས་བསྐྱེད་དོ། ། ཐ་མ་གཉིས་ནི་སངས་རྒྱས་ས་ཡི་སེམས་བསྐྱེད་དེ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་བརྗོད། སེམས་བསྐྱེད་ཉེར་གཉིས་ལ་ས་མཚམས་ཀྱི་སྒོ་ནས་དབྱེ་ན། ཚོགས་སྦྱོར་གཉིས་ལ་མོས་པ་སྤྱོད་པའི་སེམས་བསྐྱེད། མ་དག་ས་བདུན་ལ་ལྷག་བསམ་དག་པའི་སེམས་བསྐྱེད། དག་པ་ས་གསུམ་ལ་རྣམ་པར་སྨིན་པའི་སེམས་བསྐྱེད། སངས་རྒྱས་ཀྱི་ས་ན་སྒྲིབ་པ་སྤོངས་པའི་སེམས་བསྐྱེད་དང་བཞི་ཡོད་དེ། མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། ། མོས་དང་ལྷག་བསམ་དག་པ་དང་། ། རྣམ་པར་སྨིན་པ་གཞན་དུ་འདོད། ། དེ་བཞིན་སྒྲིབ་པ་སྤངས་པའོ། ཞེས་གསུངས་སོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་312.2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number