10931

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:28, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan བརྟུལ་ཞུགས་ཀྱི་ཉེར་གསུམ།
Tibetan Alternate
Tibetan Definition 1.ཝ་གལ་ལ་ཟིན་ན་སྲོག་ལ་མི་ལྟ་བར་ལག་པ་བཅད་ནས་འགྲོ་བ་ལྟར་རྣལ་འབྱོར་བས་སྲོག་ལ་བབས་ཀྱང་དམ་ཚིག་སྲུང་བ་སྟེ། མི་མཐུན་ཕྱོགས་བརྟུལ་ཞིང་དམ་ཚིག་གི་སྟོབས་ལ་ཞུགས་པའི་ཐབས་སོ། །

2.ཅང་ཤེས་རྟས་ཐམས་ཅད་ཤེས་ཤིང་མྱུར་མགྱོགས་ཀྱིས་ས་ཐམས་ཅད་ཡུད་ཙམ་གྱིས་བསྐོར་བ་ལྟར་ཤེས་རབ་ཀྱིས་ཤེས་བྱ་སྤྱི་དང་རང་གི་མཚན་ཉིད་ཐམས་ཅད་ལ་ཐོགས་པ་མེད་པའི་བརྟུལ་ཞུགས་སོ། ། 3.གྱི་ལིང་རྩལ་ཆེ་བས་ཅིར་ཡང་འགྱུར་པ་ལྟར་ལུས་གུས་པས་གར་དང་ཕྱག་རྒྱ་འཁྲུལ་འཁོར་ལ་བརྩོན་པ་ལེ་ལོ་གཞོམ་པའི་བརྟུལ་ཞུགས་སོ། ། 4.གླང་ཆེན་ཆང་གིས་མྱོས་པས་དགྲ་ཟུན་མི་འབྱེད་པར་གང་སྣང་གཞོམ་པ་ལྟར་འཁོར་འདས་དབྱེར་མེད་དུ་ཤེས་པས་ལྟ་སྤྱོད་ཀྱི་དགྲ་བཞི་བཅོམ་པའི་སྤྱོད་པའོ། ། 5.སྟག་དཔའ་རྟུལ་ཟ་བྱེད་ཀྱི་སེམས་གཏུམ་ཇོམས་འཁྲུགས་པ་ལྟར་གནས་ལུགས་རྟོགས་པའི་ཏིང་འཛིན་དཔའ་བོའི་བརྟུལ་ཞུགས་སྟོབས་དང་ལྡན་ཞིང་། སྤྱོད་པའི་བརྟུལ་ཞུགས་ཀྱིས་ཞིང་བཅུ་སྒྲོལ་བ་ཟ་བྱེད་གཏུམ་རྔམས་འཁྲུགས་པའི་ཚུལ་གདུལ་བྱ་དང་མཐུན་པ་སྟེ་རུ་དྲ་བསྒྲལ་ནས་གནས་སྤར་བ་ལྟ་བུའི་སྤྱོད་པའོ། ། 6.ཁྱུང་ཆེན་ནམ་མཁར་ལྡིང་བས་གནམ་འཕང་རྩོལ་མེད་དུ་གཅོད་ཅིང་མ་བལྟས་པར་ཐམས་ཅད་གསལ་བ་ལྟར་ལྟ་བས་དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་རྟོགས་པས་རྩོལ་བ་མེད་པའི་སྤྱོད་པའོ། ། 7.དོམ་གྱིས་གང་ལ་དམིགས་པ་ཐེ་ཚོམ་མེད་པར་འཇིགས་ཤིང་འདུལ་བར་བྱེད་པ་ལྟར་རྣལ་འབྱོར་ལྟ་སྤྱོད་ཀྱི་གདེང་དང་ལྡན་པས་ཐེ་ཚོམ་མེད་པར་མངོན་སྤྱོད་ཀྱི་ལས་ལ་སྦྱོར་བའི་བརྟུལ་ཞུགས་སོ། ། 8.རྒྱ་མཚོའི་གཏིང་གི་གསེར་འགྱུར་བ་མེད་པ་ལྟར་ཟབ་དོན་གསང་ཐུབ་ཅིང་ཉམས་སུ་ལེན་པ་ལ་བློ་མི་ལྡོག་པར་བརྟན་པའི་བརྟུལ་ཞུགས་སོ། ། 9.ལྐུགས་པ་གཏི་མུག་ཅན་གྱིས་བླང་དོར་མི་འབྱེད་པ་ལྟར་འཁོར་འདས་སོགས་རིས་སུ་མི་འབྱེད་པའི་མཉམ་གཞག་གིས་བདག་མེད་རྟོགས་པའི་ཤེས་རབ་མཐར་ཕྱིན་པའི་བརྟུལ་ཞུགས་སོ། ། 10.རི་རབ་མི་གཡོ་བ་ལྟར་བླ་མ་དང་གྲོགས་ལ་དད་གུས་མི་འགྱུར་བ་དང་ཏིང་ངེ་འཛིན་བྱིང་རྒོད་ཀྱིས་མི་གཡོ་བའི་གཉེན་པོར་བརྟེན་པའི་ཐབས་ཀྱི་བརྟུལ་ཞུགས་སོ། ། 11.ནམ་མཁའ་ཡངས་ལ་རྒྱ་ཆེ་བས་སྤང་ལེན་མེད་པ་ཅིའང་ཤོང་བ་ལྟར་རྣལ་འབྱོར་བ་མཆེད་ཀྱི་ནང་དུ་ཤོང་ཡངས་ཆེ་བ་དང་བདག་ཉིད་ཆེན་པོའི་ལྟ་སྤྱོད་འདིའི་ནང་དུ་འཁོར་འདས་དང་ཐེག་པ་གང་ཡང་མ་ཤོང་བ་མེད་པར་སྤྱོད་པའི་བརྟུལ་ཞུགས་སོ། ། 12.ཐོག་གང་ལ་བབས་ཀྱང་འཇོམས་པ་ལྟར་རྣལ་འབྱོར་པ་དྲག་པོའི་ཏིང་ངེ་འཛིན་གྱིས་དགྲ་བགེགས་གང་ཡང་ཐོགས་མེད་དུ་འཇོམས་པའི་བརྟུལ་ཞུགས་སོ། ། 13.ལག་ན་རྡོ་རྗེ་ལོག་ལྟ་ཅན་ཐམས་ཅད་འཇོམས་པ་ལྟར་རྣལ་འབྱོར་པས་ཁྲོ་བོ་བསྒོམས་ནས་བར་དུ་གཅོད་པ་ཐེ་ཚོམ་མེད་པར་འཇོམས་པའི་བརྟུལ་ཞུགས་སོ། ། 14.བྱ་རོག་གིས་དགྲ་དང་གཟན་གཉིས་དུས་གཅིག་ཏུ་མིག་གིས་བསྲུང་བ་ལྟར་ཕྱི་ནང་གི་དམ་ཚིག་འདི་དག་རྒྱུན་དུ་སྤོང་ལེན་དུས་གཅིག་ཏུ་བརྩོན་པའི་ཐབས་ཀྱི་བརྟུལ་ཞུགས་སོ། ། 15.གླང་ཆེན་ཆུ་རབ་བདེ་བ་དང་མི་བདེ་བ་ལ་ལྟོས་པ་མེད་པར་འཇུག་པ་ལྟར་བདག་ཉིད་ཆེན་པོའི་ལྟ་སྤྱོད་གདེང་དང་ལྡན་པས་སྤང་བླང་གཉིས་མེད་དུ་སྤྱོད་པའམ། གདུལ་བྱ་མི་གདམ་པར་ཕྲིན་ལས་བཞིའི་ལས་མཛད་པའི་བརྟུལ་ཞུགས་སོ། ། 16.སེང་གེ་གྲོགས་མེད་གཅིག་པུར་སྡོད་པ་ལྟར་ལྟ་སྤྱོད་མི་མཐུན་པའི་གྲོགས་ངན་སྤངས་ནས་གཅིག་པུར་དགོན་པར་གནས་པས་ལྟ་སྒོམ་སྐྱོང་བའི་བརྟུལ་ཞུགས་སོ། ། 17.ངང་པ་ཕོ་མོ་མི་འབྲལ་བར་བདེ་བར་འགྲོགས་པ་ལྟར། སེམས་ཅན་ལ་སྙིང་བརྩེ་བས་ཐར་པའི་བདེ་ལ་འགོད་པའི་ཐབས་དང་མི་འབྲལ་བར་འགྲོགས་པའི་བརྟུལ་ཞུགས་སོ། ། 18.སྒྱུ་མ་མཁན་གྱིས་བྱས་པའི་གཟུགས་བརྙན་ལྟར་ཕུང་ཁམས་སྐྱེ་མཆེད་རྒྱལ་བའི་དཀྱིལ་འཁོར་སྒྱུ་མ་ལྟ་བུ་ཡིན་པར་ཤེས་ནས་དེ་ལྟར་སྒོམ་ཞིང་སྟོན་པ་ནི་ཐབས་མཁས་ཀྱིས་འདྲིད་པའི་བརྟུལ་ཞུགས་སོ། ། 19.ཕག་གིས་གཙང་དམེ་མེད་པར་ཐམས་ཅད་བཟའ་བ་ལྟར་དམ་རྫས་ལྔ་བླང་དོར་མེད་པར་མཉམ་ཉིད་དུ་སྤྱོད་པའི་བརྟུལ་ཞུགས་སོ། ། 20.ཅེ་སྤྱང་ཐོགས་པ་མེད་པར་གསོད་ལ་དགའ་བ་ལྟར། ལྟ་སྤྱོད་གོམས་པའི་ཐུགས་རྗེ་ལོག་ལྟ་ཅན་རྟོག་པས་བསྒྲལ་ཞིང་རྣམ་ཤེས་ཟག་མེད་ལ་བཀོད་པས་ཚོགས་གཉིས་རྫོགས་པའི་ཐབས་ཀྱི་བརྟུལ་ཞུགས་སོ། ། 21.གློག་གིས་ཐམས་ཅད་དུས་གཅིག་ལ་མྱུར་དུ་གསལ་བ་ལྟར། ལམ་ཉམས་སུ་བླངས་པས་རང་དོན་མྱུར་དུ་འགྲུབ་ཅིང་གཞན་དོན་མྱུར་བར་འགྲུབ་པར་བརྩོན་པའི་བརྟུལ་ཞུགས་སོ། ། 22.བྱ་རྒོད་ཚུལ་ཁྲིམས་སྲོག་གཅོད་ལ་འཛེམས་པ་ལྟར་བརླངས་སྤྱོད་ཀྱི་བརྟུལ་ཞུགས་ཐེག་པ་གཞན་ལ་མི་འཚམས་པ་ལྟར་སྣང་ཡང་འདིར་བདག་ཉིད་ཆེན་པོའི་ཚུལ་དུ་སྤྱད་ན་དམ་ཚིག་སྐྱོང་ཞིང་ཉེས་པ་དག་པའི་བརྟུལ་ཞུགས་སོ། ། 23.རྒྱལ་པོ་བག་དང་ལྡན་པས་རྒྱལ་ས་གནོན་ཅིང་རང་ལས་འཁོར་གཅེས་པར་སྐྱོང་བ་ལྟར་དབྱིངས་ཡེ་ཤེས་དབྱེར་མེད་བདེ་བ་ཆེན་པོར་རྟོགས་གོམས་ཀྱི་ཐབས་ལ་འབད་པའི་རྣལ་འབྱོར་པས་བརྟུལ་ཞུགས་ཀྱི་རྒྱལ་ས་གནོན་ཅིང་ཆོས་ཐམས་ཅད་རང་ལས་མི་གཞན་པར་རྟོགས་པས་འགྲོ་བ་སྐྱོང་ཞིང་ཉེས་པ་རང་སར་དག་པའི་བརྟུལ་ཞུགས་སོ། ། དེ་རྣམས་ཀྱང་བདག་དོན་དང་གཞན་དོན་དང་གཉིས་ཀའི་དོན་བློ་རང་ཅིག་ཅར་བས་ཉམས་སུ་ལེན་བྱར་གསུངས་སོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་བར་ཆ་ཤ་189.1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number