10939

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:28, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan རྒྱ་མའི་ཁྲི་འོག་ཏུ་དར་བའི་དགེ་ལྡན་གྱི་དགོན་སྡེ་ཉེར་བཞི།
Tibetan Alternate
Tibetan Definition 1.རྒྱ་མ་རིན་ཆེན་སྒང་འདི་དགེ་བའི་བཤེས་གཉེན་སྣེ་ཟུར་པའི་དངོས་སློབ་གྱེར་སྒོམ་ཆེན་པོ་གཞོན་ནུ་གྲགས་པས་བཏབ། ཨང་དང་གྲྭ་པ་དྲུག་ཅུ་རེ་ལྔ་སྐོར། །

2.སྣོན་གྱི་དུམ་བུ་རི་ནི། དགེ་བའི་བཤེས་གཉེན་ཟླ་བ་རྒྱལ་མཚན་གྱིས་བཏབ། ཨང་དང་གྲྭ་པ་དྲུག་ཅུ་སྐོར། 3.ལ་མོ་ཚེར་གསེབ་ནི། ཀླུ་མེས་ཀྱིས་བཏབ་པ་རྗེས་སུ་དགེ་བཤེས་པོ་ཏོ་བས་བསྐྱངས། ཨང་དང་གྲྭ་བཙུན་སུམ་ཅུ་སྐོར། ། 4.དགེ་འདུན་སྒང་ནི། སེ་སྤྱིལ་བུ་བ་ཆོས་ཀྱི་རྒྱལ་མཚན་གྱི་སློབ་མ་ལྷ་དགེ་འདུན་སྒང་པས་བཏབ། བླ་རབས་ནི་དགའ་ལྡན་ཐོས་བསམ་གླིང་བླ་མས་ཉིས་སྐྱོང་བྱེད་བཞིན་པ། 5.བཙུན་མོ་ཚལ་གྱི་ཆོས་སྡེ་ནི། འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་བཏབ། ཨང་དང་གྲྭ་པ་བཞི་བཅུ་ཞེ་དགུ་སྐོར། 6.ཉི་སྡིངས་ཆོས་སྡེ་ནི། སེམས་དཔའ་ཆེན་པོས་བཏབ། ཨང་དང་གྲྭ་པ་བརྒྱ་དང་ཉི་ཤུ་རྩ་དགུ་སྐོར། 7.བདེ་མོ་ཐང་ནི། སེམས་དཔའ་ཆེན་པོ་བློ་གྲོས་རྒྱལ་མཚན་གྱིས་བཏབ། ཨང་དང་གྲྭ་པ་བཅུ་དྲུག་སྐོར། 8.ཀམ་ཀམ་ནི། དགེ་བའི་བཤེས་གཉེན་ཁྲོམ་གཞེར་བ་ཆེན་པོས་བཏབ། ཨང་གཉིས་གྲས་གྲྭ་བཙུན་ཉི་ཤུ་རྩ་གསུམ། 9.མས་དྲོ་ཚ་དཀར་དགོན་ནི། རྗེ་བཙུན་བཙོང་ཁ་པ་ཆེན་པོའི་དངོས་སློབ་ལྷ་གཟིགས་གྲགས་པ་རྒྱ་མཚོས་བཏབ། ཨང་དང་གྲྭ་པ་བཞི་བཅུ་ཞེ་གཉིས་སྐོར། 10.བྲག་རྐྱབ་ནི། གནས་བརྟན་ངག་དབང་གྲགས་པས་བཟུང་། དེང་སང་ཡང་སྤོང་བ་བསམ་གཏན་ལ་གཞོལ་བའི་དགེ་འདུན་གཉིས་གསུམ་རེ་མ་ཆད་པར་ཡོད་པ་བདེ་མོ་ཐང་གི་དགོན་ལག་ཡིན་པས་བླ་རབས་དེར་སྨོས་སོ། 11.ཐང་སྐུ་ནི། དང་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཐའ་འདུལ་ཡང་འདུལ་སོགས་ཀྱི་གཙུག་ལག་ཁང་དང་དུས་མཉམ་དུ་བཏབ་པར་གྲགས། ཨང་དང་གྲྭ་པ་བརྒྱུད་ཅུ་གྱ་གཉིས་སྐོར། 12.གྲོག་ཨེ་ཝཾ་ཆོས་སྡེ་ནི། གཡག་སྡེ་པཎ་ཆེན་བརྩོན་འགྲུས་དར་གྱིས་ས་ཕག་ལ་བཏབ། ཨང་དང་གྲྭ་པ་བརྒྱད་ཅུ་གྱི་བདུན་སྐོར། 13.ལ་མདའ་ཕག་མོ་ཆོས་སྡེ་ནི། སེམས་དཔའ་ཆེན་པོ་བློ་གྲོས་རྒྱལ་མཚན་གྱིས་བྱིན་གྱིས་བརླབས་པ་སོགས་མཛད་དེ་གཙུག་ལག་ཁང་རྟེན་བརྟེན་པར་བཞེངས། རབ་ཏུ་བྱུང་བ་དགེ་འདུན་གྱི་སྡེ་ཆེན་པོ་བཙུགས། ཨང་དང་གྲྭ་པ་བརྒྱ་དང་བཅོ་བརྒྱད་སྐོར། 14.ཕག་མོ་ལོ་དགོན་ནི། སྤྱན་སྔ་ཚུལ་ཁྲིམས་འབར་གྱིས་བཏབ། ཨང་དང་གྲྭ་པ་ལྔ་བཅུ་ང་གསུམ་སྐོར། 15.བྱེན་ཆུང་གི་རུ་དགོན་པ་ནི། ཐོག་མའི་འདེབས་པོ་སུ་ཡིན་མ་བྱུང་། ཨང་གཉིས་བཙུན་མ་ཉི་ཤུ་དྲུག་སྐོར། ། 16.སྤོ་ཐོ་ནི། དགེ་བའི་བཤེས་གཉེན་པོ་ཏོ་བས་ལ་མོ་ཚེར་གསེབ་དར་རྒྱས་སུ་མཛད་སྐབས་བཏབ་ཟེར་ཡང་། ཆོས་འབྱུང་གི་ཡིག་ཚང་དུ་གསལ་བ་ནི་མ་བྱུང་། ཨང་གཉིས་བཙུན་མ་བཞི་བཅུ་ཞེ་གསུམ་སྐོར། 17.མས་དྲོ་ཡང་དབེན་དགོན་ནི། དམ་པ་སངས་རྒྱས་ཀྱི་སློབ་མ་མ་ཤ་མ་བས་བཏབ། ཨང་དང་གྲྭ་བཙུན་ཉི་ཤུ་རྩ་གཉིས་སྐོར། 18.ས་ར་དགོན་ནི། མས་དྲོ་གནས་ནང་པ་བསྟན་པའི་ཉི་མས་བཙུགས། ཨང་དང་གྲྭ་པ་བཅུ་སྐོར། 19.ལྷ་ལུང་སྐྱིད་སྤྲོ་དགོན་ནི། པཎ་ཆེན་ཤཱཀྱ་ཤྲཱི་རྒྱུ་མར་ཕེབས་སྐབས་རབ་བྱུང་སྒྲུབ་མི་ཁ་ཤས་བྱུང་བ་རྣམས་སངས་རྒྱས་དབོན་སྟོན་གྱིས་ཞལ་བདག་མཛད་ནས་རྒྱ་མ་ཁྲི་ཁང་དུ་སྟན་ཆགས་པ་ལས། ལྷ་ལུང་བླ་མ་རྫོང་པས་སྐྱིད་སྤྲོ་གཞིས་ཀའི་ས་ཆ་རྣམས་དགོན་གནས་སུ་ཕུལ་བས་འདུས་སྡེ་འདི་ཆགས་པོར་གྲགས། ཨང་དང་གྲྭ་པ་བཅོ་ལྔ་སྐོར། 20.ཤུག་གསེབ་དགོན་ནི། ལྷ་ལུང་པ་ཀུན་དགའ་དབང་ཕྱུག་གིས་བཏབ། ཨང་གཉིས་གྲྭ་བཙུན་བཅུ་བདུན་སྐོར། 21.ཀླུངས་ཤོད་ཁྲི་ལྟག་དགོན་ནི། འབྲི་གུང་སྤྱན་སྔ་ཆོས་ཀྱི་རྒྱལ་པོས་བཏབ། ཨང་དང་གྲྭ་གྲངས་སུམ་ཅུ་སོ་གཉིས་སྐོར། 22.ར་ཁྱིམ་དགོན་ནི། རྙིང་མ་བ་ཁམས་པ་འཕང་བ་ཟེར་བས་བཏབ། ཨང་གཉིས་གྲྭ་བཙུན་བཞི་བཅུ་ཞེ་གསུམ་སྐོར། 23.ཞོགས་གུར་སྔོན་ནི། སྔོན་དཔལ་ཆེན་རྒ་ལོས་བཏབ། ཨང་དང་གྲྭ་གྲངས་དགུ་བཅུ་གོ་གཅིག་སྐོར། 24.ཞོགས་ཕུ་འོད་གསལ་ནི། ཟེམ་གྱི་སློབ་མ་རིན་ཆེན་སེང་གེས་བཏབ། ཨང་དང་གྲྭ་གྲངས་ཉེར་ལྔ་སྐོར་བཅས་སོ། །

Tibetan Source 《དགའ་ལྡན་ཆོས་འབྱུང་བ་སེར་》ཤ་165.5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number