11158

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:29, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ཤམྦྷ་ལར་བྱོན་དང་འབྱོན་འགྱུར་གྱི་ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔ་བཅས་སུམ་ཅུ་རྩ་གཉིས་ཀྱི་མཚན་དང་ཁྲི་བཞུགས་ལོ་ཡི་ཚུགས་མཚམས་ཀྱི་རེའུ་མིག
Tibetan Alternate
Tibetan Definition ཆ་བསགས་མགོན་དུ་རིམ་པར་བྱོན་དང་འབྱོན་འགྱུར་གྱི་ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔའི་མཚན་ནི་རྩ་རྒྱུད་ལས་གསུངས་པ་འདི་ལྟ་སྟེ། ཟླ་བ་ལྷ་དབང་གཟི་བརྗིད་ཅན། ། སྣ་ཚོགས་གཟིགས་དང་ལྷའི་དབང་ལྡན། ། ཟླ་བས་བྱིན་དང་ལྷའི་དབང་ཕྱུག ། སྣ་ཚོགས་གཟུགས་དང་ལྷའི་དབང་ལྡན། ། ཞེས་གསུངས་ཆོས་ཀྱི་རྒྱལ་པོ་བདུན། ། གྲགས་པ་རིགས་ལྡན་རིགས་ཀྱང་སྟེ། ། དེ་ནས་རིགས་ལྡན་པད་མ་དཀར། ། བཟང་པོ་རིགས་ལྡན་གསུམ་པའོ། ། དེ་བཞིན་བཞི་པ་རྣམ་རྒྱལ་ཏེ། ། བཤེས་གཉེན་བཟང་པོ་རིན་ཆེན་ཕྱག ། བདུན་པ་ཁྱབ་འཇུག་སྦས་པའོ། ། ཉི་མ་གྲགས་དང་ཤིན་ཏུ་བཟང་། ། རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་དང་། ། རིགས་ལྡན་ཉི་མ་བཅུ་གཉིས་པ། ། སྣ་ཚོགས་གཟུགས་དང་ཟླ་བའི་འོད། ། མཐའ་ཡས་དང་ནི་ས་སྐྱོང་དང་། ། དཔལ་སྐྱོང་སེང་གེ་རྣམ་པར་གནོན། སྟོབས་པོ་ཆེ་དང་མ་འགགས་པ། ། མི་ཡི་སེང་གེ་དབང་ཕྱུག་ཆེ། ། མཐའ་ཡས་རྣམ་རྒྱལ་རིགས་ལྡན་དང་། ། གྲགས་པ་རིན་ཆེན་དེ་ནས་སླར། ། དེ་སྲས་འཁོར་ལོ་ཆེན་པོ་ཅན། ། རིགས་ལྡན་དྲག་པོ་འབྱུང་བར་འགྱུར། ། སྨྲ་མཁས་རྟ་མཆོག་ཏིང་འཛིན་གྱིས། ། ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། ། ཞེས་འབྱུང་བ་ལྟར་དེ་རྣམས་ཀྱི་ཁྲིར་བཞུགས་ལོ་ཁམས་སོགས་ཕུག་པའི་ལུགས་དང་མཐུན་པར་རིམ་བཞིན་སྤྱི་ལོའི་ལོ་ཁམས་དང་སྦྱར་ན་གཤམ་གསལ། དེ་ལྟར་ལྷ་དབང་སོགས་དྲུག་གིས་ལོ་བརྒྱ་བརྒྱུར་རྩ་རྒྱུད་བསྟན་ཏེ། སྤྱི་ལོའི་སྔོན་གྱི་277ཤིང་སྤྲེལ་ལོར་ལྷའི་དབང་ལྡན་གྱི་སྲས་འཇམ་དཔལ་གྲགས་པ་ཁྲི་ལ་བཞུགས། ལོ་བརྒྱ་ཡི་བར་དུ་རྩ་བའི་རྒྱུད་ཀྱི་ཆོས་བསྟན་པ་རྫོགས་མཐའ་སྟེ་མྱ་ངན་ལས་འདའ་བ་ལ་ཕྱོགས་པ་སྤྱི་ལོའི་སྔོན་གྱི་177མིག་དམར་ཤིང་བྱི་ལོའི་ནག་པའི་ཉར་ཉི་མའི་ཤིང་རྟ་སོགས་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བྱིན་ཏེ་མི་རིགས་བཞི་པོ་རྡོ་རྗེའི་རིགས་གཅིག་ཏུ་བཀས་བཅས། རྩ་རྒྱུད་ལས། དེས་ན་སྙིང་པོའི་དོན་བསྡུས་འདི། ། ཐམས་ཅད་མཁྱེན་སོགས་བདག་འདོད་དོ། ། ཕྲེང་འཛིན་ཚིགས་བཅད་སུམ་ཅུ་ནི། ། ལྷག་པའི་ཕྱོགས་བརྒྱ་ལེའུ་ལྔས། ། དཔལ་ལྡན་རྒྱུད་དག་རྫོགས་པར་ནི། ། སྨྲ་བའི་རྒྱལ་པོས་སྟོན་པར་འགྱུར། ། སྡུད་པར་བྱེད་པ་པོ་ཡང་འདི། ། ཞེས་ལུང་བསྟན་པ་ལྟར། མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ལས། དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཡི་གེ་ཉེར་གཅིག་པ་འཕྲེང་འཛིན་གྱི་སྡེབ་སྦྱོར་གྱིས་བཅིངས་པའི་ཚིགས་བཅད་སྟོང་དང་སུམ་ཅུ་ལེའུ་ལྔའི་བདག་ཉིད་ཅན་དུ་བསྡུ་བར་མཛད་དེ་གཤེགས་སོ། ། དེ་ཡང་ལོ་བརྒྱའི་བར་དུ་རིགས་ལྡན་མ་ཡིན་ཀྱང་རིགས་བཞི་རིགས་གཅིག་ཏུ་མཛད་པ་ནས་རིགས་ལྡན་དུ་གྱུར་པ་ཡིན་པས་རིགས་ལྡན་གྱི་མིང་ཡང་དེ་ནས་ཐོགས་པ་ཡིན། མིག་དམར་ཤིང་བྱི་སྟེ་སྤྱི་ལོའི་སྔོན་གྱི་177ལོ་དེ་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རིགས་ལྡན་པདྨ་དཀར་པོ་སེངྒེའི་ཁྲིར་འཁོད་དེ། རྩ་རྒྱུད་ལས། འགྲེལ་བཤད་བྱེད་པོ་པད་དཀར་འཛིན། ། ཞེས་ལུང་བསྟན་པ་ལྟར་དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་འགྲེལ་ཆེན་དྲི་མ་མེད་པའི་འོད་སྟོང་ཕྲག་བཅུ་གཉིས་པ་བརྩམས་ཤིང་ལོ་བརྒྱར་ཆོས་བསྟན། དེ་ནས་རིམ་བཞིན་རིགས་ལྡན་བཟང་པོ་སོགས་བདུན་གྱིས་ཀྱང་རེ་རེ་ནས་ལོ་བརྒྱའི་བར་དུ་བསྡུས་རྒྱུད་བསྟན་པ་གཤམ་གསལ་རེའུ་མིག་ནང་བཀོད་པ་ལྟར་དང་། སྤྱི་ལོ་624ཤིང་སྤྲེལ་ལོར་རིགས་ལྡན་བཅུ་པ་རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་པ་དང་། མ་ཁའི་ཡུལ་དུ་ཀླ་ཀློ་ཞུགས་པ། མེ་མཁའ་རྒྱ་མཚོའི་འདས་ལོ་ཚུགས་པ་གསུམ་དུས་མཉམ། རྒྱ་མཚོ་རྣམ་རྒྱལ་ལོ་བརྒྱ་དང་གྱ་གཉིས་བར་དུ་ཁྲིར་བཞུགས་པ་དང་། སྤྱི་ལོ་806མེ་ཕོ་ཁྱིའི་ལོར་རིགས་ལྡན་རྒྱལ་དཀའ་ཁྲིར་འཁོད་པ་དང་རང་ལུགས་ཀྱི་ཉུང་ངུའི་བྱེད་པའང་སྦྱོར་བར་མཛད་པས་ཐོག་མའི་མེ་ཁྱི་ཞེས་པ་བྱེད་པའི་རྩིས་མགོ་འདི་ནས་ཟུག་རྒྱལ་དཀས་ལོ་ཉིས་བརྒྱ་ཉེར་གཅིག་གི་བར་དུ་ཆོས་བསྟན་པས་གོང་གི་རྒྱ་མཚོ་རྣམ་རྒྱལ་གྱི་ཁྲིར་འཁོད་ལོ་གྲངས་དང་བསྡོམས་པས་ལོ་བཞི་བརྒྱ་བཅུ་མེད་གསུམ་འོང་བ་ལ་མེ་མཁའ་རྒྱ་མཚོའི་ལོ་ཞེས་ཡོངས་སུ་གྲགས། མེ་མཁའ་རྒྱ་མཚོའི་འདས་ལོ་རྫོགས་པ་དང་བོད་དུ་རབ་བྱུང་དང་པོའི་མེ་ཡོས་(སྤྱི་ལོ་1027)ཤར། ཤམྦྷ་ལ་རུ་རིགས་ལྡན་བཅུ་གཉིས་པ་ཉི་མ་ཁྲིར་འཁོད། རིགས་ལྡན་ཉི་མ་སོགས་ཀྱང་རེ་རེ་ནས་ལོ་བརྒྱ་རེའི་ཡུན་དུ་ཁྲིར་བཞུགས་ཆོས་བསྟན་པས་ད་ལྟའི་དུས་ལ་རིགས་ལྡན་གང་འཁེལ་ཡོད་མེད། ཅི་ཙམ་སྔོན་དུ་འདས་ཤིང་ཅི་ཙམ་ལྷག་ཏུ་ལུས་པའི་ཚུལ་ཡང་གཤམ་གྱི་རེའུ་མིག་དང་སྦྱར་ནས་བརྩིས་ན་རྟོགས་སླའོ། །
Tibetan Source 《རྩིས་རིག་ལ་འཇུག་པའི་སྒོ་》དེབ་གཟུགས་ཤ་84.1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number