11245

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:30, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan སྦྱིན་པ་བྱིན་པ་རྣམ་པ་སོ་བདུན།
Tibetan Alternate
Tibetan Definition 1.སེར་སྣ་རྣམ་པར་སྤང་བའི་ཕྱིར་དད་པས་སྦྱིན་པ་བྱིན་པ།

2.དུས་སུ་སྦྱིན་པ་བྱིན་པ། 3.དེ་བཞིན་གཤེགས་པས་གནང་བའི་རུང་བ་དངོས་པོ་གསུམ་ཡོངས་སུ་དག་པར་སྦྱིན་པ་བྱིན་པ། 4.སེམས་ཀྱི་འཁྲུག་པའི་སྐྱོན་ཐམས་ཅད་སྤང་བའི་ཕྱིར་བསྟི་སྟང་དུ་བྱས་ཏེ་སྦྱིན་པ་བྱིན་པ། 5.སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་བའི་ཕྱིར་རང་གི་ལག་ནས་སྦྱིན་པ་བྱིན་པ། 6.གཞན་ལ་མི་གནོད་པའི་སྦྱིན་པ་བྱིན་ནི་རྣམ་པར་སྨིན་པ་གཏོང་བ་ཆེན་པོ་རབ་ཏུ་ཐོབ་པར་འགྱུར་བ། 7.ཁ་དོག་ཕུན་སུམ་ཚོགས་པར་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་ཁ་དོག་མཛེས་པ་རབ་ཏུ་ཐོབ་པར་འགྱུར་བ། 8.དྲི་ཕུན་སུམ་ཚོགས་པའི་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་གྲགས་པའི་དྲི་རབ་ཏུ་ཐོབ་པར་འགྱུར་བ། 9.རོ་བྲོ་བ་ཕུན་སུམ་ཚོགས་པའི་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་རོ་བྲོ་བའི་མཆོག་གིས་དཔེ་བྱད་བཟང་པོ་རབ་ཏུ་ཐོབ་པར་འགྱུར་བ། 10.གྱ་ནོམ་པའི་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་ལོངས་སྤྱོད་གྱ་ནོམ་པ་རབ་ཏུ་ཐོབ་པར་འགྱུར་བ། 11.རྒྱ་ཆེན་པོ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་ལོངས་སྤྱོད་རྒྱ་ཆེན་པོ་རབ་ཏུ་ཐོབ་པར་འགྱུར་བ། 12.བཟའ་བ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་ཚེ་རབས་ཐམས་ཅད་དུ་བཀྲེས་པ་རྣམ་པར་གཅོད་པ་རབ་ཏུ་ཐོབ་པར་འགྱུར་བ། 13.བཟའ་བ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་ཚེ་རབས་ཐམས་ཅད་དུ་སྐོམ་པ་རྣམ་པར་གཅོད་པ་རབ་ཏུ་ཐོབ་པར་འགྱུར་བ། 14.བགོ་བ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་གོས་ཀྱི་ལོངས་སྤྱོད་སྣ་ཚོགས་རབ་ཏུ་ཐོབ་པར་འགྱུར་པ། 15.གནས་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་པུ་ཤུ་དང་། ཁང་པ་བརྩེགས་པ་དང་། ཁྱམས་དང་། ཁང་པ་དང་། གཞལ་མེད་ཁང་དང་། སྐྱེད་མོས་ཚལ་དང་། ཀུན་དགའ་ར་བ་དང་། ཡུལ་རབ་ཏུ་ཐོབ་པར་འགྱུར་བ། 16.མལ་ཆ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་རིགས་མཐོན་པོ་རབ་ཏུ་ཐོབ་པར་འགྱུར་བ། 17.བཞོན་པ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་རྫུ་འཕྲུལ་གྱི་རྐང་པ་བཞི་རབ་ཏུ་ཐོབ་པར་འགྱུར་བ། 18.སྨན་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་རྒ་ཤི་མེད་ཅིང་མྱ་ངན་དང་། ཀུན་ནས་ཉོན་མོངས་པ་འགོག་པའི་མྱ་ངན་ལས་འདས་པ་རབ་ཏུ་ཐོབ་པར་འགྱུར་བ། 19.ཆོས་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་སྐྱེ་བ་དྲན་པར་རབ་ཏུ་ཐོབ་པར་འགྱུར་བ། 20.མེ་ཏོག་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ཐོབ་པར་འགྱུར་བ། 21.ཕྲེང་བ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་འདོད་ཚགས་དང་། ཞེ་སྡང་དང་། གཏི་མུག་གི་དྲི་མ་རྣམ་པར་དག་པ་རབ་ཏུ་ཐོབ་པར་འགྱུར་བ། 22.བདུག་པ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་ཉོན་མོངས་པའི་དྲི་ང་བ་ཐམས་ཅད་མེད་པ་རབ་ཏུ་ཐོབ་པར་འགྱུར་བ། 23.གདུགས་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་ཆོས་ལ་དབང་བའི་དབང་ཕྱུག་རབ་ཏུ་ཐོབ་པར་འགྱུར་བ། 24.དྲིལ་བུ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་སྒྲ་དབྱངས་ཡིད་དུ་འོང་བ་རབ་ཏུ་ཐོབ་པར་འགྱུར་བ། 25.སིལ་སྙན་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་ཚངས་པའི་སྒྲ་དབྱངས་ལྟ་བུ་རབ་ཏུ་ཐོབ་པར་འགྱུར་བ། 26.མར་མེ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་ལྷའི་མིག་སྒྲིབ་པ་མེད་ཅིང་རྣམ་པར་དག་པ་རབ་ཏུ་ཐོབ་པར་འགྱུར་བ། 27.དར་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་ལྷ་དང་། མིའི་ནང་ན་རྣམ་པར་གྲོལ་བའི་དར་གྱིས་བཅིངས་པ་རབ་ཏུ་ཐོབ་པར་འགྱུར་བ། 28.དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་འབྲུ་མར་དྲི་ཞིམ་པོ་ཕུལ་ལམ། སྤོས་ཀྱི་ཁྲུས་ཆུ་དབུལ་བ་ཕུལ་ན་རྣམ་པར་སྨིན་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་རབ་ཏུ་ཐོབ་པར་འགྱུར་བ། ། 29.ཁྲུས་ཀྱི་ཡོ་བྱད་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་ཚེ་རབས་ཐམས་ཅད་དུ་ནད་ཉུང་བ་དང་། རིགས་ཀྱི་མཆོག་ཏུ་སྐྱེ་ཞིང་ཀུན་ཏུ་མཛེས་པ་རབ་ཏུ་ཐོབ་པར་འགྱུར་བ། 30.སྙིང་པོ་ལྔ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་ཚེ་རབས་ཐམས་ཅད་དུ་མཐུ་ཆེ་ཞིང་སྤྲོ་བ་ཆེན་པོ་མི་ཐུལ་བ་རབ་ཏུ་ཐོབ་པར་འགྱུར་བ། 31.བྱམས་པ་གནས་ཏེ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་གནོད་སེམས་མེད་པ་རབ་ཏུ་ཐོབ་པར་འགྱུར་པ། 32.སྙིང་རྗེ་ལ་གནས་ཏེ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་འཚེ་བ་མེད་པ་རབ་ཏུ་ཐོབ་པར་འགྱུར་བ། 33.དགའ་བ་ལ་གནས་ཏེ་སྦྱིན་པ་བྱིན་ནི་རྣམ་པར་སྨིན་པ་མི་འཇིགས་པ་སྦྱིན་པ་རབ་ཏུ་ཐོབ་པར་འགྱུར་བ། 34.བཏང་སྙོམ་ལ་གནས་ཏེ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་མི་དགའ་བ་སྤོང་བ་རབ་ཏུ་ཐོབ་པར་འགྱུར་བ། 35.རྣམ་པ་སྣ་ཚོགས་ཀྱི་སྦྱིན་པ་བྱིན་ནི་རྣམ་པར་སྨིན་པ་ལོངས་སྤྱོད་སྣ་ཚོགས་རབ་ཏུ་ཐོབ་པར་འགྱུར་བ། 36.ལན་ལ་མི་རེ་བ་ལ་གནས་ཏེ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་རབ་ཏུ་ཐོབ་པར་འགྱུར་རོ། ། (སྐབས་འདིར་སོ་བདུན་པ་མི་གསལ།)

Tibetan Source 《 མདོ་བ་པ་》ཤ་151བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number