11381

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 14:30, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ཆོས་ཉིད་བར་དོ་ལ་རང་བཞིན་གྱི་རྟོག་པ་བརྒྱད་ཅུ་འགགས་པ།
Tibetan Alternate
Tibetan Definition 1.རང་བཞིན་གྱི་རྟོག་པ་སུམ་ཅུ་རྩ་གསུམ་ནི། ཨཱརྱ་དེ་བའི་སྤྱོད་བསྡུས་ལས།

(1)འདོད་ཚོགས་དང་བྲལ་བ། (2)འདོད་ཆགས་དང་བྲལ་བ་བར་མ། (3)ཤིན་ཏུ་འདོད་ཆགས་དང་བྲལ་བ། (4)ཤིན་ཏུ་ཚོར་བ། (5)རིག་པ་པོ། (6)རིག་གཞི། (7)སོ་སོར་རྟོག་པ། (8)ངོ་ཚ་ཤེས་པ། (9)བརྩེ་བ། (10)བརྩེ་བ་བར་མ། (11)ཤིན་ཏུ་བརྩེ་བ། (12)དོགས་པ་དང་བཅས་པ། (13)བསགས་པ། (14)གཉིད། (15)ཕྲག་དོག་དང་བཅོ་ལྔ་ལས་མི་གསལ་བ་དཔྱད། 2.འདོད་ཆགས་ལས་བྱུང་བའི་རྟོག་པ་བཞི་བཅུ་ནི། (1)ཆགས་པ་བར་མ། (2)ཤིན་ཏུ་ཆགས་པ། (3)དགའ་བ། (4)དགའ་བ་བར་མ། (5)ཤིན་ཏུ་དགའ་བ། (6)རངས་པ། (7)རབ་ཏུ་མགུ་བ། (8)ངོ་མཚར་བ། (9)རྒོད་པ། (10)ཚིམ་པ། (11)འཁྱུད་པ། (12)འོ་བྱེད་པ། (13)འཇིགས་པ། (14)བརྟེན་པ། (15)བརྩོན་པ། (16)ང་རྒྱལ་བ། (17)བྱ་བ། (18)འགྲོགས་པ། (19)སྟོབས། (20)དབྲོག་པ། (21)སྤྲོ་བ། (22)ལྷན་ཅིག་བྱེད་པའི་དགའ་བ་ལ་སྦྱོར་བ། (23)ཤིན་ཏུ་དགའ་བ་ལ་སྦྱོར་བ། (24)སྒེག་པ། (25)རྣམ་པར་སྒེག་པ། (26)ཞེ་འགྲས་པ། (27)དགེ་བ། (28)ཚིག་གསལ་བ། (29)བདེན་པ། (30)མི་བདེན་པ། (31)ངེས་པ། (32)ཉེ་བར་ལེན་པ། (33)སྦྱིན་པ་པོ། (34)གཞན་ལ་སྐུར་པ། (35)དཔའ་བོ། (36)ངོ་ཚ་བ་མེད་པ། (37)གཡོ་སྒྱུ། (38)སྡུག་པ། (39)མི་སྲུན་པ། (40)གྱ་གྱུ་ཆེ་བའོ། ། 3.གཏི་མུག་ལས་བྱུང་བའི་རྟོག་པ་བདུན་ནི། (1)མི་གསལ་བ། (2)བརྗེད་ངས་པ། (3)འཁྲུག་པ། (4)མི་སྨྲ་བ། (5)སྐྱོ་བ། (6)ལེ་ལོ། (7)ཐེ་ཚོམ་མོ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་851.25ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number