11386
Tibetan | ཐོས་པའི་རྣམ་པ་བརྒྱད་ཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། བསླབ་པ་ཀུན་ལས་བཏུས་པ་ལས་བྱུང་བ་འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས་བསྟན་པ་སྟེ།
1.འདུན་པའི་རྣམ་པ། 2.བསམ་པའི་རྣམ་པ། 3.ལྷག་པའི་བསམ་པའི་རྣམ་པ། 4.སྦྱོར་བའི་རྣམ་པ། 5.དགེ་བའི་བཤེས་གཉེན་གྱི་རྣམ་པ། 6.ང་རྒྱལ་མེད་པའི་རྣམ་པ། 7.བག་ཡོད་པའི་རྣམ་པ། 8.རི་མོར་བྱེད་པའི་རྣམ་པ། 9.མཐུན་པའི་རྣམ་པ། 10.བཀའ་བློ་བདེ་བའི་རྣམ་པ། 11.བསྙེན་བཀུར་བྱེད་པའི་རྣམ་པ། 12.རྣ་བླགས་ཏེ་ཉན་པའི་རྣམ་པ། 13.ཡིད་ལ་བྱེད་པའི་རྣམ་པ། 14.མི་གཡེང་བའི་རྣམ་པ། 15.གནས་ཀྱི་རྣམ་པ། 16.རིན་པོ་ཆེར་འདུ་ཤེས་པའི་རྣམ་པ། 17.སྨན་དུ་འདུ་ཤེས་པའི་རྣམ་པ། 18.ཉོན་མོངས་པའི་ནད་ཐམས་ཅད་ཞི་བར་བྱེད་པའི་རྣམ་པ། 19.དྲན་པའི་སྣོད་ཀྱི་རྣམ་པ། 20.ཤེས་པ་རྟོགས་པའི་རྣམ་པ། 21.བློ་གྲོས་རྟོགས་པའི་རྣམ་པ། 22.བློ་ལ་འཇུག་པའི་རྣམ་པ། 23.སངས་རྒྱས་ཀྱི་ཆོས་ལ་མི་ངོམས་པར་ཉན་པའི་རྣམ་པ། 24.གཏོང་བ་སྤེལ་བའི་རྣམ་པ། 25.དུལ་ཞིང་ཅང་ཤེས་པའི་རྣམ་པ། 26.མང་དུ་ཐོས་པ་ལ་བརྟེན་པའི་རྣམ་པ། 27.གུས་པར་དགའ་བ་མྱོང་བར་བྱེད་པའི་རྣམ་པ། 28.ལུས་བདེ་བའི་རྣམ་པ། 29.སེམས་རབ་ཏུ་དགའ་བའི་རྣམ་པ། 30.མི་སྐྱོ་བར་ཉན་པའི་རྣམ་པ། 31.དོན་ཉན་པའི་རྣམ་པ། 32.ཆོས་ཉན་པའི་རྣམ་པ། 33.ནན་ཏན་ཉན་པའི་རྣམ་པ། 34.གཞན་གྱིས་བསྟན་པ་ཉན་པའི་རྣམ་པ། 35.ཆོས་མ་ཐོས་པ་ཉན་པའི་རྣམ་པ། 36.མངོན་པར་ཤེས་པ་ཉན་པའི་རྣམ་པ། 37.ཐེག་པ་གཞོན་ལ་འདོད་པ་མེད་པའི་རྣམ་པ། 38.ཕ་རོལ་ཏུ་ཕྱིན་པ་ཉན་པའི་རྣམ་པ། 39.རིན་པོ་ཆེ་ཉན་པའི་རྣམ་པ། 40.བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་པའི་རྣམ་པ། 41.བསྡུ་བའི་དངོས་པོ་ཉན་པའི་རྣམ་པ། 42.ཐབས་ལ་མཁས་པ་ཉན་པའི་རྣམ་པ། 43.ཚངས་པའི་གནས་པ་ཉན་པའི་རྣམ་པ། 44.དྲན་པ་དང་ཤེས་བཞིན་ཉན་པའི་རྣམ་པ། 45.སྐྱེ་བ་ལ་མཁས་པ་ཉན་པའི་རྣམ་པ། 46.མི་སྐྱེ་བ་ལ་མཁས་པ་ཉན་པའི་རྣམ་པ། 47.མི་སྡུག་པའི་རྣམ་པ། 48.བྱམས་པའི་རྣམ་པ། 49.རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པ། 50.མི་རྟག་པའི་རྣམ་པ། 51.སྡུག་བསྔལ་བའི་རྣམ་པ། 52.བདག་མེད་པའི་རྣམ་པ། 53.ཞི་བའི་རྣམ་པ། 54.སྟོང་པ་ཉིད་ཀྱི་རྣམ་པ། 55.མཚན་མ་མེད་པའི་རྣམ་པ། 56.སྨོན་པ་མེད་པའི་རྣམ་པ། 57.མངོན་པར་འདུ་མི་བྱེད་པའི་རྣམ་པ། 58.དགེ་བའི་མངོན་པར་འདུ་བྱེད་པའི་རྣམ་པ། 59.བདེན་པར་བྱིན་གྱིས་བརླབས་པའི་རྣམ་པ། 60.ཆུད་མི་གཟོན་པའི་རྣམ་པ། 61.རང་དབང་གི་རྣམ་པ། 62.བདག་གི་སེམས་སྲུང་བའི་རྣམ་པ། 63.བརྩོན་འགྲུས་མི་གཏོང་བའི་རྣམ་པ། 64.ཆོས་ལ་ངེས་པར་རྟོག་པའི་རྣམ་པ། 65.ཉོན་མོངས་པའི་གཉེན་པོའི་རྣམ་པ། 66.བདག་གི་ཕྱོགས་སྲུང་བའི་རྣམ་པ། 67.ཕ་རོལ་གྱི་ཕྱོགས་དང་ཉོན་མོངས་པ་ཚར་གཅོད་པའི་རྣམ་པ། 68.ནོར་བདུན་ལ་བརྟེན་པའི་རྣམ་པ། 69.དབུལ་བ་ཐམས་ཅད་ཚར་གཅོད་པའི་རྣམ་པ། 70.མཁས་པས་བསྔགས་པའི་རྣམ་པ། 71.མཁས་པ་མངོན་པར་དགའ་བའི་རྣམ་པ། 72.འཕགས་པས་ཀུན་ཤེས་པའི་རྣམ་པ། 73.འཕགས་པ་མ་ཡིན་པ་རྣམས་མོས་པར་བྱེད་པའི་རྣམ་པ། 74.བདེན་པ་མཐོང་བའི་རྣམ་པ། 75.ཕུང་པོའི་ཉེས་པ་སྤང་བའི་རྣམ་པ། 76.འདུས་བྱས་ཀྱི་ཉེས་པ་ཡོངས་སུ་འཇལ་བའི་རྣམ་པ། 77.དོན་ལ་བརྟེན་པའི་རྣམ་པ། 78.ཆོས་ལ་བརྟེན་པའི་རྣམ་པ། 79.ཡེ་ཤེས་ལ་བརྟེན་པའི་རྣམ་པ། 80.ངེས་པའི་དོན་གྱི་མདོ་སྡེ་ལ་བརྟེན་པའི་རྣམ་པ། 81.སྡིག་པ་ཐམས་ཅད་མི་བྱ་བའི་རྣམ་པ། 82.བདག་དང་གཞན་ལ་ཕན་པའི་རྣམ་པ། 83.ལེགས་པར་བྱས་པའི་ལས་ཀྱི་རྣམ་པ། 84.མི་འགྱོད་པའི་རྣམ་པ། 85.བྱེ་བྲག་ཏུ་འགྲོ་བའི་རྣམ་པ། 86.སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པའི་རྣམ་པ་དང་བརྒྱད་ཅུ་རྩ་དྲུག་གོ ། (སྐབས་འདིར་ཐོས་པའི་རྣམ་པ་དྲུག་འཕར་ལགས།) |
Tibetan Source | 《བསྟན་འགྱུར་དབུ་མ་ཁི་པ་》ཤ་106བ་6ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |