11411

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:30, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan མན་ངག་རྒྱུད་ཀྱི་ལེའུ་དགུ་བཅུ་གོ་གཉིས།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱུས་འགྲེལ་ལས་སྐབས་བཅུ་གཉིས་པ་རིག་པའི་གནས་ལས་གསོ་བ་རིག་པའི་སྐོར་ལས་བྱུང་བ་སྟེ།

1.ཞུས་པའི་ལེའུ། 2.ལེའུ་གཉིས་པ་རླུང་ནད་ཀྱི་རྒྱུ་རྐྱེན་དབྱེ་བ་བརྟག་ཐབས་བཅོས་ཐབས་ལྔ། 3.ལེའུ་གསུམ་པ་མཁྲིས་པའི་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་རྗེས་བཅད་དང་དྲུག 4.ལེའུ་བཞི་པ་བད་ཀན་གྱི་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་ལྔ། 5.ལེའུ་ལྔ་པ་འདུས་ནད་ལ་རྒྱུ་རྐྱེན་གནས་དུས་རིགས་རྟགས་བཅོས་ཐབས་རྗེས་བཅད་དང་བརྒྱད། 6.ལེའུ་དྲུག་པ་ཞུ་བ་ལ་རྒྱུ་རྐྱེན་གྱུར་ཚུལ་དབྱེ་བ་རྟགས་བཅོས་ཐབས་དང་དྲུག 7.ལེའུ་བདུན་པ་སྐྲན་ནད་ལ་རྒྱུ་རྐྱེན་དབྱེ་བ་གནས་གྱུར་ཚུལ་རྟགས་བཅོས་ཐབས་དང་དྲུག 8.ལེའུ་བརྒྱད་པ་སྐྱ་རྦབ་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་བཞི། 9.ལེའུ་དགུ་པ་འོར་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་བཞི། 10.ལེའུ་བཅུ་པ་དམུ་ཆུ་ལ་རྒྱུ་རྐྱེན་དབྱེ་བ་གྱུར་ཚུལ་གནས་རྟགས་བཅོས་ཐབས་རྗེས་བཅད་དང་བརྒྱད། 11.ལེའུ་བཅུ་གཅིག་པ་གཅོང་ཆེན་ཟད་བྱེད་ལ་རྒྱུ་དབྱེ་བ་རྟགས་བཅོས་ཐབས་བཞི། 12.ལེའུ་བཅུ་གཉིས་པ་ཚ་བ་སྤྱིའི་རྒྱུ་རྐྱེན་ངོ་བོ་དབྱེ་བ་རྟགས་བཅོས་ཐབས་ལྔ། 13.ལེའུ་བཅུ་གསུམ་པ་ཚ་གྲང་གལ་མདོ་ལ་རྟགས་ངོ་བོ་གཉིས་ག་ཚ་བ། རྟགས་ངོ་བོ་གཉིས་ག་གྲང་བ། ཕྱི་རྟགས་ཚ་ཡང་ངོ་བོ་གྲང་བ། ངོ་བོ་ཚ་ཡང་ཕྱི་རྟགས་གྲོང་བ་དང་བཞིའོ། ། རྒྱུ་རྐྱེན་ཡུལ་དུས་རང་བཞིན་ན་ཚོད་གནས་པ་ཉིན་ཞག་ཟས་ཟོས་གོམས་པ་སྟེ་བཅུའོ། ། 14.ལེའུ་བཅུ་བཞི་པ་རི་ཐང་མཚམས་ཀྱི་ཚ་བ་རླུང་གི་ཞུ་འཁྱགས་སྤུན་ནས་བསུ་བ། མཁྲིས་པའི་ཞུ་འཁྱགས་འཕྲང་ལ་བསྒྲུག་པ། བད་ཀན་ཞུ་འཁྱགས་ཕྱི་རྗེས་བཅད་པ་དང་གསུམ་མོ། ། 15.ལེའུ་བཅོ་ལྔ་པ་མ་སྨིན་པའི་ཚ་བའི་རྒྱུ་རྐྱེན་མིང་དབྱེ་བ་རྟགས་བཅོས་ཐབས་དྲུག 16.ལེའུ་བཅུ་དྲུག་པ་རྒྱས་པའི་ཚ་བའི་རྒྱུ་རྐྱེན་ངོ་བོ་མིང་དབྱེ་བ་རྟགས་བཅོས་ཐབས་བདུན། 17.བཅུ་བདུན་པ་སྟོངས་པའི་ཚ་བའི་རྒྱུ་རྐྱེན་ངོ་བོ་མིང་དབྱེ་བ་རྟགས་བཅོས་ཐབས་བདུན། 18.བཅོ་བརྒྱད་པ་གབ་པའི་རྒྱུ་རྐྱེན་ངོ་བོ་མིང་དབྱེ་བ་རྟགས་བཅོས་ཐབས་བདུན། 19.ལེའུ་བཅུ་དགུ་པ་རྙིངས་པའི་ཚ་བའི་རྒྱུ་རྐྱེན་ངོ་བོ་མིང་དབྱེ་བ་རྟགས་བཅོས་ཐབས་བདུན། 20.ལེའུ་ཉི་ཤུ་པ་རྙོགས་པའི་ཚ་བའི་རྒྱུ་རྐྱེན་ངོ་བོ་མིང་དབྱེ་བ་རྟགས་བཅོས་ཐབས་དང་བདུན། 21.ལེའུ་ཉེར་གཅིག་པ་འགྲམས་ཀྱི་ཚ་བའི་རྒྱུ་རྐྱེན་ངོ་བོ་མིང་དབྱེ་བ་རྟགས་བཅོས་ཐབས་དང་བདུན། 22.ལེའུ་ཉེར་གཉིས་པ་འཁྲུགས་ཚད་ཀྱི་རྒྱུ་རྐྱེན་ངོ་བོ་མིང་དབྱེ་བ་རྟགས་བཅོས་ཐབས་དང་བདུན། 23.ལེའུ་ཉེར་གསུམ་པ་རིམས་ནད་རྒྱུ་རྐྱེན་ངོ་བོ་མིང་དབྱེ་བ་རྟགས་བཅོས་ཐབས་དང་བདུན། 24.ལེའུ་ཉེར་བཞི་པ་འབྲུམ་པའི་ནད་ཀྱི་རྒྱུ་རྐྱེན་མཚན་ཉིད་དབྱེ་བ་རྟགས་བཅོས་ཐབས་དང་དྲུག 25.ལེའུ་ཉེར་ལྔ་པ་རྒྱུ་གཟེར་གྱི་རྒྱུ་རྐྱེན་མཚན་ཉིད་དབྱེ་བ་རྟགས་བཅོས་ཐབས་དང་དྲུག 26.ལེའུ་ཉེར་དྲུག་པ་གག་ལྷག་གི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་ལྔ། 27.ལེའུ་ཉེར་བདུན་པ་ཆམ་པའི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་ལྔ། 28.ལེའུ་ཉེར་བརྒྱད་པ་ལུས་སྟོད་མགོ་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་བཞི། 29.ལེའུ་ཉེར་དགུ་པ་མིག་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་བཞི། 30.ལེའུ་སུམ་ཅུ་པ་རྣ་བའི་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་བཞི། 31.ལེའུ་སོ་གཅིག་པ་སྣ་ནད་རྒྱུ་རྐྱེན་དབྱེ་བ་བཅོས་ཐབས་དང་གསུམ། 32.ལེའུ་སོ་གཉིས་པ་ཁ་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་བཞི། 33.ལེའུ་སོ་གསུམ་པ་མགུལ་ནད་ལྦ་བ་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་བཞི། 34.ལེའུ་སོ་བཞི་པ་སྙིང་ནད་ལ་རྒྱུ་དབྱེ་བ་རྟགས་བཅོས་ཐབས་བཞི། 35.ལེའུ་སོ་ལྔ་པ་གློ་ནད་ལ་རྒྱུ་དབྱེ་བ་རྟགས་བཅོས་ཐབས་དང་བཞི། 36.ལེའུ་སོ་དྲུག་པ་མཆིན་ནད་ལ་རྒྱུ་དབྱེ་བ་རྟགས་བཅོས་ཐབས་དང་བཞི། 37.ལེའུ་སོ་བདུན་པ་འཚེར་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་བཞི། 38.ལེའུ་སོ་བརྒྱད་པ་མཁལ་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་བཞི། 39.ལེའུ་སོ་དགུ་པ་ཕོ་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་བཞི། 40.ལེའུ་བཞི་བཅུ་པ་རྒྱུ་མའི་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་བཞི། 41.ཞེ་གཅིག་པ་ལོང་ནད་ལ་རྟགས་དང་བཅོས་ཐབས་གཉིས། 42.ལེའུ་ཞེ་གཉིས་པ་གསང་ནད་ཕོ་མཚན་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་བཞི། 43.ལེའུ་ཞེ་གསུམ་པ་མོ་མཚན་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་བཞི། 44.ལེའུ་ཞེ་བཞི་པ་སྐད་འགགས་ཀྱི་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་བཞི། 45.ཞེ་ལྔ་པ་ཡི་ག་འཆུས་བའི་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་བཞི། ། 46.ལེའུ་ཞེ་དྲུག་པ་སྐོམ་པའི་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་བཞི། 47.ལེའུ་ཞེ་བདུན་པ་སྐྱིགས་བུའི་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་དང་བཞི། 48.ལེའུ་ཞེ་བརྒྱད་པ་དབུགས་མི་བདེ་བ་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 49.ལེའུ་ཞེ་དགུ་པ་གླང་ཐབས་ཀྱི་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 50.ལེའུ་ལྔ་བཅུ་པ་སྲིན་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 51.ལེའུ་ང་གཅིག་པ་སྐྱུག་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 52.ལེའུ་ང་གཉིས་པ་འཁྲུ་བའི་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 53.ལེའུ་ང་གསུམ་པ་དྲི་འགགས་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 54.ལེའུ་ང་བཞི་པ་གཅིན་འགེགས་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 55.ལེའུ་ང་ལྔ་པ་གཅིན་སྙིའི་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 56.ལེའུ་ང་དྲུག་པ་ཚད་འཁྲུའི་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 57.ལེའུ་ང་བདུན་པ་དྲེག་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 58.ལེའུ་ང་བརྒྱད་པ་གྲུམ་བུའི་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 59.ལེའུ་ང་དགུ་པ་ཆུ་སེར་ནད་ལ་གྱུར་ཚུལ་དབྱེ་བ་རྟགས་བཅོས་བཞི། 60.ལེའུ་དྲུག་ཅུ་པ་རྩ་དཀར་ནད་ལ་གྱེས་ཚུལ་རྒྱུ་རྐྱེན་རྟགས་བཅོས་བཞི། 61.ལེའུ་རེ་གཅིག་པ་པགས་པའི་ནད་ལ་རྒྱུ་རྐྱེན་དབྱེ་བ་བཅོས་ཐབས་དང་གསུམ། 62.ལེའུ་རེ་གཉིས་པ་ཕྲན་བུའི་ནད་ལ་བཅོ་ལྔ་ནི། ཞྭ་ལོག མེས་ཚིག མདེའུ་ཁོང་ཤོར། བསྣང་བ། གྲམ་ཟུག་པ། རུས་པ་ཟུག་པ། སྡོམ་སྡིག་ཁོང་སོང་། ཆང་ནད་། སྣེའུ་ལྷག་པ། གཉའ་རེངས་། བསེ་དྲི། ཁ་བས་ཕྱིད་པ། རྣ་བར་སྲོག་ཆགས་ཤོར་བ། ནུ་མ་སྐྲངས་པའོ། ། 63.ལེའུ་རེ་གསུམ་པ་འབྲས་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 64.ལེའུ་རེ་བཞི་པ་གཞང་འབྲུམ་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 65.ལེའུ་རེ་ལྔ་པ་མེ་དབལ་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 66.ལེའུ་རེ་དྲུག་པ་སུར་ཡའི་ནད་ལ་གྱུར་ཚུལ་དབྱེ་བ་རྟགས་བཅོས་བཞི། 67.ལེའུ་རེ་བདུན་པ་རྨེན་བུའི་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 68.ལེའུ་རེ་བརྒྱད་པ་རླིག་རླུགས་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 69.ལེའུ་རེ་དགུ་པ་རྐང་འབམ་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 70.ལེའུ་བདུན་ཅུ་པ་མཚན་པར་རྡོལ་བ་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 71.ལེའུ་དོན་གཅིག་པ་བྱིས་པ་ཉེར་སྤྱོད་ལ་ཐོག་བར་མཐའ་མར་བྱ་བ་གསུམ། 72.ལེའུ་དོན་གཉིས་པ་བྱིས་ནད་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 73.ལེའུ་དོན་གསུམ་པ་བྱིས་གདོན་ངོས་བཟུང་བ་ལ་རིགས་རྟགས་གསོ་དཀའ་སླ་བཞི། བཅོས་པའི་ཐབས་ལ་ཞི་དྲག་གཉིས། 74.ལེའུ་དོན་བཞི་པ་མོ་ནད་སྤྱིའི་དབྱེ་བ་རྟགས་བཅོས་བཞི། 75.ལེའུ་དོན་ལྔ་པ་མོ་ནད་བྱེ་བྲག་པའི་དབྱེ་བ་རྒྱུ་རྟགས་བཅོས་ཐབས་བཞི། 76.ལེའུ་དོན་དྲུག་པ་མོ་ནད་ཕལ་པ་ལ་མཚན་མའི་ནད་བུ་མ་ཕྱིན་པ། མགོ་མཇུག་མ་ལོག་པ། རོག་མ་ཕྱིན་པ། ། བུ་སྣོད་ལུགས་པ། ཁྲག་མ་ཆོད་པ། ནད་གཞུག་ལུས་པ། དུག་ཐབས་སུ་གྱུར་བ་དང་བརྒྱད་དོ། ། 77.ལེའུ་དོན་བདུན་པ་འབྱུང་གདོན་རྒྱུ་རྐྱེན་མཚན་ཉིད་དབྱེ་བ་རྟགས་བཅོས་ལྔ། 78.ལེའུ་དོན་བརྒྱད་པ་སྨྱོ་བྱེད་ཀྱི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི། 79.ལེའུ་དོན་དགུ་པ་བརྗོད་བྱེད་ཀྱི་དབྱེ་བ་རྟགས་བཅོས་གསུམ། 80.ལེའུ་བརྒྱད་ཅུ་པ་གཟའ་གདོན་འཛིན་དུས་བརྟག་ཐབས་བསྲུང་བ་བཅོས་ཐབས་ཕྱིར་མི་ལྡོག་པ་དང་ལྔ། 81.ལེའུ་གྱ་གཅིག་པ་ཀླུ་གདོན་ལ་རྒྱུ་རྐྱེན་མཚན་ཉིད་དབྱེ་བ་རྟགས་བཅོས་ལྔ། 82.ལེའུ་གྱ་གཉིས་པ་རྨ་སྤྱི་ལ་རྒྱུ་རྐྱེན་ངོ་བོ་མཚན་ཉིད་མིང་དབྱེ་བ་རྟགས་བཅོས་ཐབས་དང་བདུན། 83.ལེའུ་གྱ་གསུམ་པ་མགོ་རྨ་ལ་གནས་ལུགས་ཕོག་ས་བརྟག་ཐབས་བཅོས་ཐབས་ལོག་གནོན་དང་ལྔ། 84.ལེའུ་གྱ་བཞི་པ་སྐེ་རྨ་ལ་ཤ་རུས་རྩ་གསུམ་གྱི་བཅོས་ཐབས། 85.ལེའུ་གྱ་ལྔ་པ་བྱང་ཁོག་སྟོད་སྨད་ལ་གནས་ལུགས་མཚོན་ཕོག་རྟགས་གསོ་ཐབས་རྗེས་བཅད་བཞི། 86.ལེའུ་གྱ་དྲུག་པ་ཡན་ལག་གི་རྨ་ལ་གནད་རྟགས་བཅོས་ཐབས་ལོག་ནོན་དང་བཞི། 87.ལེའུ་གྱ་བདུན་པ་སྦྱར་དུག་ལ་དུག་གི་རིགས་དང་འཇུག་ཚུལ་ངོས་བཟུང་བཅོས་ཐབས་ལོག་གནོན་ཕྱི་རྗེས་བཅད་པ་དང་དྲུག 88.ལེའུ་གྱ་བརྒྱད་པ་གྱུར་པའི་དུག་ལས་མི་འཕྲོད་པའི་དུག་ལ་རྒྱུ་རྟགས་གསོ་ཐབས་གསུམ། ཤ་དུག་ལ་རྒྱུ་རྐྱེན་རིགས་རྟགས་ཐབས་ལྔ། 89.ལེའུ་གྱ་དགུ་པ་མི་རྒྱུ་བའི་དུག་གི་རྟགས་བཅོས་རྒྱུ་བ་ཁྱི་དུག་གི་མཚན་ཉིད་རྟགས་གསོ་ཐབས་གསུམ་དང་སྦྲུལ་དུག་སོགས་སོ། ། 90.ལེའུ་དགུ་བཅུ་པ་རྒས་པ་གསོ་བ་བཅུད་ལེན་ལ་ཕན་ཡོན་གནས་རྟེན་བྱ་ཐབས་དང་བཞི། 91.ལེའུ་གོ་གཅིག་པ་རོ་ཙ་ལ་སྦྱོར་བ་དངོས་གཞི་དགོས་ཆེད་དང་གསུམ། 92.ལེའུ་གོ་གཉིས་པ་བུད་མེད་བཙལ་ཐབས་ལ་རྒྱུ་འདུ་བ་རོ་ལུས་བུ་རྩི་བཏང་བ་མོ་གཤམ་དང་ལྔའོ། །

Tibetan Source 《མདོ་རྒྱུད་མཛོད་ཝ་པ་》ཤ་516.4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number