11417
Tibetan | བདེན་པ་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་ཁམས་གསུམ་པའི་ཉོན་མོངས་པ་དགུ་བཅུ་རྩ་བརྒྱད། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།
1.འདོད་པའི་ཁམས་ན་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སུམ་ཅུ་རྩ་གཉིས་ནི། (1)འདོད་པའི་འདོད་ཆགས། (2)ཁོང་ཁྲོ་བ། (3)ང་རྒྱལ། (4)མ་རིག་པ། (5)ལྟ་བ་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ། (6)མཐར་འཛིན་པར་ལྟ་བ། (7)ལོག་པར་ལྟ་བ། (8)ལྟ་བ་མཆོག་ཏུ་འཛིན་པ། (9)ཚུལ་ཁྲིམས་དང་ལྟ་བ་མཆོག་ཏུ་འཛིན་པ། (10)ཐེ་ཚོམ་མོ། ། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་བདུན་ཏེ། (1)འདོད་པའི་འདོད་ཆགས། (2)ཁོང་ཁྲོ་བ། (3)ང་རྒྱལ། (4)མ་རིག་པ། (5)ལོག་པར་ལྟ་བ། (6)ཚུལ་ཁྲིམས་དང་ལྟ་བ་མཆོག་ཏུ་འཛིན་པ། (7)ཐེ་ཚོམ་མོ། ། འགོག་པ་མཐོང་བས་སྤང་བར་བྱ་བ་ཡང་བདུན་ཏེ། (1)འདོད་པའི་འདོད་ཆགས། (2)ཁོང་ཁྲོ་བ། (3)ང་རྒྱལ། (4)མ་རིག་པ། (5)ལོག་པར་ལྟ་བ། (6)ཚུལ་ཁྲིམས་དང་ལྟ་བ་མཆོག་ཏུ་འཛིན་པ། (7)ཐེ་ཚོམ་མོ། ། ལམ་མཐོང་བས་སྤང་བར་བྱ་བ་བརྒྱད་དེ། (1)འདོད་པའི་འདོད་ཆགས། (2)ཁོང་ཁྲོ་བ། (3)ང་རྒྱལ། (4)མ་རིག་པ། (5)ལོག་པར་ལྟ་བ། (6)ཚུལ་ཁྲིམས་དང་ལྟ་བ་མཆོག་ཏུ་འཛིན་པ། (7)ཐེ་ཚོམ། (8)ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་བཅས་ཁྱོན་སུམ་ཅུ་རྩ་གཉིས་སོ། ། བསྒོམ་པས་སྤང་བར་བྱ་བ་བཞི་སྟེ། (1)འདོད་པའི་འདོད་ཆགས། (2)ཁོང་ཁྲོ་བ། (3)ང་རྒྱལ། (4)མ་རིག་པའོ། ། དེ་དག་བསྡོམས་ན་འདོད་པར་གཏོགས་པའི་ཉོན་མོངས་པ་སུམ་ཅུ་རྩ་དྲུག་གོ ། 2.གཟུགས་ཀྱི་ཁམས་ན་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཉི་ཤུ་རྩ་བརྒྱད་དང་། བསྒོམ་པས་སྤང་བར་བྱ་བ་གསུམ་སྟེ་སུམ་ཅུ་རྩ་གཅིག་ལས། གཟུགས་སུ་གཏོགས་པའི་མཐོང་སྤང་ཉི་ཤུ་རྩ་བརྒྱད་ནི། (1)འདོད་པའི་འདོད་ཆགས། (2)ང་རྒྱལ། (3)མ་རིག་པ། (4)འཇིག་ཚོགས་ལ་ལྟ་བ། (5)མཐར་འཛིན་པར་ལྟ་བ། (6)ལོག་པར་ལྟ་བ། (7)ལྟ་བ་མཆོག་ཏུ་འཛིན་པ། (8)ཚུལ་ཁྲིམས་དང་ལྟ་བ་མཆོག་ཏུ་འཛིན་པ། (9)ཐེ་ཚོམ་མོ། ། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་དྲུག་སྟེ། (1)འདོད་པའི་འདོད་ཆགས། (2)ང་རྒྱལ། (3)མ་རིག་པ། (4)ལོག་པར་ལྟ་བ། (5)ཚུལ་ཁྲིམས་དང་ལྟ་བ་མཆོག་ཏུ་འཛིན་པ། (6)ཐེ་ཚོམ་མོ། ། འགོག་པ་མཐོང་བས་སྤང་བར་བྱ་བ་ཡང་དྲུག་སྟེ། (1)འདོད་པའི་འདོད་ཆགས། (2)ང་རྒྱལ། (3)མ་རིག་པ། (4)ལོག་པར་ལྟ་བ། (5)ཚུལ་ཁྲིམས་དང་ལྟ་བ་མཆོག་ཏུ་འཛིན་པ། (6)ཐེ་ཚོམ་མོ། ། ལམ་མཐོང་བས་སྤང་བར་བྱ་བ་བདུན་ཏེ། (1)འདོད་པའི་འདོད་ཆགས། (2)ང་རྒྱལ། (3)མ་རིག་པ། (4)ལོག་པར་ལྟ་བ། (5)ཚུལ་ཁྲིམས་དང་ལྟ་བ་མཆོག་ཏུ་འཛིན་པ། (6)ཐེ་ཚོམ་བཅས་ཉི་ཤུ་རྩ་བརྒྱད་དོ། ། བསྒོམ་པས་སྤང་བར་བྱ་བ་གསུམ་ནི། ། (1)འདོད་པའི་འདོད་ཆགས། (2)ང་རྒྱལ། (3)མ་རིག་པའོ། ། དེ་དག་བསྡོམས་པས་གཟུགས་སུ་གཏོགས་པའི་ཉོན་མོངས་པ་སུམ་ཅུ་རྩ་གཅིག་གོ ། 3.གཟུགས་མེད་པའི་གོང་དང་འདྲ་བ་སུམ་ཅུ་རྩ་གཅིག་ནི། གཟུགས་མེད་པའི་ཁམས་ན་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཉི་ཤུ་རྩ་བརྒྱད་དང་། བསྒོམ་པས་སྤང་བར་བྱ་བ་གསུམ་སྟེ་སུམ་ཅུ་རྩ་གཅིག་ལས། གཟུགས་མེད་པར་གཏོགས་པའི་མཐོང་སྤང་ཉི་ཤུ་རྩ་བརྒྱད་ནི། (1)འདོད་པའི་འདོད་ཆགས། (2)ང་རྒྱལ། (3)མ་རིག་པ། (4)འཇིག་ཚོགས་ལ་ལྟ་བ། (5)མཐར་འཛིན་པར་ལྟ་བ། (6)ལོག་པར་ལྟ་བ། (7)ལྟ་བ་མཆོག་ཏུ་འཛིན་པ། (8)ཚུལ་ཁྲིམས་དང་ལྟ་བ་མཆོག་ཏུ་འཛིན་པ། (9)ཐེ་ཚོམ་མོ། ། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་དྲུག་སྟེ། (1)འདོད་པའི་འདོད་ཆགས། (2)ང་རྒྱལ། (3)མ་རིག་པ། (4)ལོག་པར་ལྟ་བ། (5)ཚུལ་ཁྲིམས་དང་ལྟ་བ་མཆོག་ཏུ་འཛིན་པ། (6)ཐེ་ཚོམ་མོ། ། འགོག་པ་མཐོང་བས་སྤང་བར་བྱ་བ་ཡང་དྲུག་སྟེ། (1)འདོད་པའི་འདོད་ཆགས། (2)ང་རྒྱལ། (3)མ་རིག་པ། (4)ལོག་པར་ལྟ་བ། (5)ཚུལ་ཁྲིམས་དང་ལྟ་བ་མཆོག་ཏུ་འཛིན་པ། (6)ཐེ་ཚོམ་མོ། ། ལམ་མཐོང་བས་སྤང་བར་བྱ་བ་བདུན་ཏེ། (1)འདོད་པའི་འདོད་ཆགས། (2)ང་རྒྱལ། (3)མ་རིག་པ། (4)ལོག་པར་ལྟ་བ། (5)ཚུལ་ཁྲིམས་དང་ལྟ་བ་མཆོག་ཏུ་འཛིན་པ། (6)ཐེ་ཚོམ་བཅས་ཉི་ཤུ་རྩ་བརྒྱད་དོ། ། བསྒོམ་པས་སྤང་བར་བྱ་བ་གསུམ་ནི། (1)འདོད་པའི་འདོད་ཆགས། (2)ང་རྒྱལ། (3)མ་རིག་པའོ། ། དེ་དག་བསྡོམས་པས་གཟུགས་མེད་པར་གཏོགས་པའི་ཉོན་མོངས་པ་སུམ་ཅུ་རྩ་གཅིག་གོ ། |
Tibetan Source | 《བསྟན་འགྱུར་སྣ་ཚོགས་ཇོ་པ་》ཤ་67ན་1ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |