11470

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:30, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan རྣམ་རྫོགས་སྦྱོར་བའི་རྣམ་པ་བརྒྱ་དང་སུམ་ཅུ་སོ་བདུན།
Tibetan Alternate
Tibetan Definition དེ་ཡང་། རང་གི་མི་མཐུན་ཕྱོགས་འཇོམས་ནུས་ཀྱི་མཁྱེན་པ་དེ། སྐབས་འདིར་བསྟན་གྱི་གཉེན་པོ་ཕྱོགས་ཀྱི་ཤེས་རྣམ་གྱི་མཚན་ཉིད། དེ་ལ་དབྱེ་ན།

1.གཞི་ཤེས་ཀྱི་རྣམ་པ་ཉི་ཤུ་རྩ་བདུན་ནི། (1)སྡུག་བདེན་ཉེས་དམིགས་ཀྱི་སྟེང་ནས་བཞི། (2)ཀུན་འབྱུང་གི་སྟེང་ནས་བཞི། (3)འགོག་བདེན་གྱི་སྟེང་ནས་བཞི། (4)ལམ་བདེན་གྱི་སྟེང་ནས་བཅོ་ལྔ་བཅས་སོ། ། 2.ལམ་ཤེས་ཀྱི་རྣམ་པ་སོ་དྲུག་ནི། (1)ཀུན་འབྱུང་སྤངས་གཉེན་གྱི་སྒོ་ནས་རྣམ་པ་བརྒྱད། (2)ལམ་བདེན་དམ་བཅའ་དང་འཐད་པའི་སྒོ་ནས་རྣམ་པ་བདུན། (3)སྡུག་བདེན་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་རྣམ་པ་ལྔ། (4)འགོག་བདེན་སྟོང་ཉིད་ཀྱི་སྒོ་ནས་རྣམ་པ་བཅུ་དྲུག་དང་བཅས་སོ། ། 3.རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་ནི། (1)ཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན། (2)བྱང་ཆུབ་སེམས་དཔའ་ལ་ཡོད་པ་དང་རྗེས་སུ་མཐུན་པའི་གཉེན་པོའི་ལམ་རྣམ་ཐར་སྒོ་གསུམ་སོགས་སངས་རྒྱས་ཉིད་ཀྱི་ལམ་སུམ་ཅུ་རྩ་བཞི། (3)ཐུན་མོང་མ་ཡིན་པའི་རྣམ་མཁྱེན་རྣམ་པ་སྟོབས་བཅུ་སོགས་སངས་རྒྱས་ཉིད་ཀྱི་རྣམ་པ་སུམ་ཅུ་རྩ་དགུ་བཅས་སོ། ། འདི་དག་གི་དབྱེ་བ་ཞིབ་ཕྲ་སྡེ་ཚན་སོ་སོར་བཀོད་ཡོད། །

Tibetan Source 《ཀློང་རྡོལ་བཀའ་འབུམ་གྱི་ཉ་པ་》ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number