11497

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:30, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan མུ་སྟེགས་པའི་གཞུང་ལོག་པའི་སྡེ་ཚན་སུམ་བརྒྱ་དྲུག་ཅུ།白
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་བཅུ་གསུམ་འཇིག་རྟེན་པའི་ཐེག་པ་ལས་བྱུང་བ་སྟེ།

1.མགོ་སྙོམས་པའི་གྲུབ་མཐའ་བརྒྱ་ནི། (1)མགོ་སྙོམས་པ་བཅུ་སྟེ། ཉན་ཐོས་ལ་མགོ་སྙོམས་པ་མུ་སྟེགས་ཐ་སྙད་པ། (2)རང་རྒྱལ་ལ་མགོ་སྙོམས་པ་ཟ་བ་པ། (3)སེམས་ཙམ་ལ་མགོ་སྙོམས་པ་ཕྲ་བ་པ། (4)དབུ་མ་ལ་མགོ་སྙོམས་པ་ཕྲ་བ་པ་ཆེན་པོ། (5)བྱ་བ་དང་མགོ་སྙོམས་པ་རིགས་བྱེད་པ། (6)སྤྱོད་པ་དང་མགོ་སྙོམས་པ་རིགས་སྤྱོད་པ། (7)རྣལ་འབྱོར་དང་མགོ་སྙོམས་པ་རིགས་སྦྱོར་བ། (8)ཕ་རྒྱུད་དང་མགོ་སྙོམས་པ་བརྟུལ་ཞུགས་ཆེར་སྤྱོད་པ། (9)མ་རྒྱུད་དང་མགོ་སྙོམས་པ་རྒྱལ་དཔོགས། (10)གཉིས་མེད་དང་མགོ་སྙོམས་པ་རྒྱལ་ཐོབ་པ་དང་བཅུའོ། ། འདི་དག་འབྱུང་བ་ལྔ་དང་། ཆེན་པོ་ལྔ་དང་། ཁམས་ལྔས་ཕྱེ་བས་བརྒྱར་འདོད་པ་ཡིན་ནོ། ། 2.རྟག་པ་བའི་བརྒྱ་རྩ་གཅིག་ནི། (1)རྟག་པ་ཐེར་ཟུག་དགུ་སྟེ། སྤྱིར་རྟག་པར་འདོད་པ། (2)བྱེ་བྲག་ཕྱུ་དང་། དབང་ཕྱུག་བྱེད་པ་པོ་རྟག་པར་འདོད་པ། (3)རིག་བྱེད་ཀྱི་ཚིག་རྟག་པར་འདོད་པ། (4)བརྗོད་དུ་མེད་པའི་བདག་རྟག་པར་འདོད་པ། (5)རིག་བྱ་རྟག་པར་འདོད་པ། (6)ཡོན་ཏན་རྟག་པར་འདོད་པ། (7)གཙོ་བདག་རྟག་པར་འདོད་པ། (8)ཚིག་གི་དོན་དགུ་རྟག་པར་འདོད་པ། (9)རིག་པའི་གནས་རྟག་པར་འདོད་པ་དང་དགུའོ། འདི་དག་གི་རྟག་པའི་རང་བཞིན་བདག་དང་། གཙོ་བོ་དང་། རྣམ་འགྱུར་གསུམ། རིག་བྱ། རིག་བྱེད། རིག་ཡུལེ། སྤྱོད་ཚུལ། ། ལས་སྤྱི་འགྲེལ་པ། འབད་འདུའི་ཤུགས་དང་བཅུ་གཅིག་རེ་རེ་གཞལ་བས་བརྒྱ་རྩ་གཅིག་ཏུ་གནས་པ་ཡིན་ནོ། ། 3.སྨྱོན་པར་སྨྲ་བའི་བཅོ་བརྒྱད་ནི། (1)སྨྱོན་པར་སྨྲ་བ་དྲུག་སྟེ། རྒྱལ་ཕོག་པས་སྐྱེས་བུ་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་མི་སྨྲ་བ་གཏན་ཚིགས་སུ་བྱ་བ། (2)རིག་པ་ཅན་པས་བདག་ཐམས་ཅད་ལ་ཡོད་པའི་སྒྲུབ་བྱེད་དུ་བདག་གི་ཡོན་ཏན་བདེ་སྡུག་ཀུན་ལ་དམིགས་འགོད་པ། (3)སྤྱོད་པ་བས་སྒྲ་རྟག་པར་སྒྲུབ་པ་མ་བྱས་པར་འགོད་པ། (4)ནམ་མཁའི་གོས་ཅན་པས་ཤིང་སེམས་པ་ཅན་དུ་སྒྲུབ་པོ་མཚན་མོ་ལོ་མ་འགུམས་པ་དང་། པགས་པ་བཤུས་ནས་སྐམ་པ་སྒྲུབ་བྱེད་དུ་འགོད་པ། (5)གྲངས་ཅན་པས་བེམ་པོ་སྲོག་ཅན་དུ་སྒྲུབ་པ་ལ་ཤུན་ལྤགས་བཤུས་ནས་འཆི་བ་གཏན་ཚིགས་སུ་འགོད་པ། (6)བྱེ་བྲག་པས་གསོན་པོའི་ལུས་བདག་དང་བཅས་པར་སྒྲུབ་པ་ལ་སྲོག་དང་བཅས་པ་འགོད་པར་བྱེད་དོ། ། འདི་དག་མཐུན་ཕྱོགས་དམ་བཅའ་གཏན་ཚིགས་དཔེ་གསུམ་སྒྲུབ་པས་བཅོ་བརྒྱད་དུ་བཞག་པ་ཡིན་ནོ། ། 4.བསམ་གཏན་པའི་ཉི་ཤུ་རྩ་བརྒྱད་ནི། (1)སྒོམ་པ་བསམ་གཏན་ལ་དད་པ་བདུན་ནི། ཕུར་བུ་པས་ཀུན་རྫོབ་ཀྱང་མེད་པར་སྒོམ་པ། (2)གྲངས་ཅན་པས་རྣམ་འགྱུར་འཆད་པའི་སྟོང་པ་སྒོམ་པ། (3)ཉི་མ་པས་སྣང་བ་སྤངས་པས་སྟོང་པ་སྒོམ་པ། (4)ཛ་ཡ་དྷ་རི་བས་ཚོགས་དྲུག་ཡུལ་དང་བཅས་པ་སྐྱོན་དུ་བལྟས་ཏེ་མི་རྟོག་པ་རྩེ་གཅིག་ཏུ་སྒོམ་པ། (5)བྱེ་བྲག་པས་དྲན་པ་སྐྱོན་དུ་བལྟས་ནས་དྲན་མེད་གཅིག་ཏུ་སྒོམ་པ། (6)ཞི་བ་པས་ཐམས་ཅད་སེམས་སུ་བརྟག་ནས་སེམས་ཉིད་མ་ཡེངས་པར་སྒོམ་པ། (7)རིག་བྱེད་པས་བདེ་སྡུག་དང་རྟོག་མི་རྟོག་གང་ཡང་སྤངས་ནས་ནམ་མཁའ་ལྟར་སྒོམ་པ་དང་བདུན་ནོ། ། དེ་དག་གིས་ཏིང་ངེ་འཛིན་ལ་དམིགས་པའི་ངོ་བོ། རྣམ་གྲངས། ཉམས། རང་གི་འབྲས་བུ་དང་བཞིར་བྱེད་པས་ཉི་ཤུ་རྩ་བརྒྱད་དུ་བྱེད་པ་ཡིན་ནོ། ། 5.བློན་པོ་སུམ་ཅུ་རྩ་དྲུག་ནི། (1)ཆད་པར་སྨྲ་བའི་སྟོན་པ་ནི། འོད་སྲུངས་རྫོགས་བྱེད་ལ་སོགས་པ་སྔར་སྨོས་པ་དག་གོ ། འདི་དག་གི་ཚེ་སྔ་ཕྱི། ལས་རྒྱུ་འབྲས། ཐར་པ་དང་གྲོལ་བ། མ་མཐོང་བའི་འགྲོ་བ་མེད་པའི་བདག་ཉིད་རིག་པའི་སྒོ་གཅིག་དཔེ་གསུམ། ཚུལ་བཞིས་རྟོགས་པར་བྱེད་པས་སུམ་ཅུ་རྩ་གཉིས་སུ་འདོད་དོ། ། སྒོ་གཅིག་ནི། རང་དབང་པོའི་སྤྱོད་ཡུལ་དུ་མ་མཐོང་བའི་ཕྱིར་ཞེས་བྱའོ། ། (2)དཔེ་གསུམ་ནི། [1]རྒྱུ་མེད་པའི་དཔེ་སྤང་ལ་ཤ་མོང་རྡོལ་བ། [2]འབྲས་བུ་མེད་པའི་དཔེ་ཐལ་བ་རླུང་གིས་གཏོར་བ། [3]ངོ་བོ་ཉིད་ཀྱིས་བྱུང་བའི་དཔེ། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། སྲན་ཟླུམ་ཚེར་མི་གཟང་རིང་རྣོ་བ་དང་། རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་རྣམས། ། སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། ། ཞེས་པ་ལྟར་རོ། ། (3)ཚུལ་བཞི་ནི། [1]སྔ་ཕྱི་མེད་ཀྱང་ད་ལྟ་བའི་འཇིག་རྟེན་བདེ་སྡུག་ལ་ སོགས་ཡོད་པའི་ཚུལ། [2]བདག་དང་གཙོ་བོ་སྔ་ཕྱིར་འཕོ་བ་མེད་ཀྱང་གློ་བུར་བའི་ལུས་གྲུབ་དུས་རང་ཆས་སུ་ཡོད་པའི་ཚུལ། [3]འབྱུང་བ་ལྔ་ལ་རིག་པ་བསྐྱེད་ནུས་གློ་བུར་བའི་རྒྱུ་ཡོད་པ་འདུས་པ་ལས། གྲོལ་བ་གྲུབ་པའི་ཚུལ། [4]ལམ་སྦྱོང་དཀའ་ཐུབ་ཀྱིས་གྲོལ་བ་མེད་ཀྱང་རང་བཞིན་གྱིས་གྲོལ་བར་སྐྱེས་པས་རྒྱུ་འབྲས་མེད་པའི་གནས་ལུགས་ཤེས་ན་ཚེ་འདིར་ངལ་དུབ་ལ་མི་བརྟེན་པའི་དགོས་པ་ཡོད་པས། རྒྱང་འཕེན་གྱི་གཞུང་དོན་མེད་པར་མི་འགྱུར་ལ། རང་གཞན་དུ་ཤི་བ་ན་ཐམས་ཅད་གྲོལ་བ་གཅིག་པའི་དབྱིངས་སུ་གནས་པའི་ཚུལ་དང་བཞིའོ། ། ར་མོ་རེ་རྣམས་ལས། དཔེ་རྣམ་གསུམ་དང་ཚུལ་བཞི་ཡིས། ། ཐམས་ཅད་སྒོ་གཅིག་ངེས་དོན་སྒྲུབ། ། གང་ཡང་རྒྱུ་མེད་ངོ་པོའི་ཕྱིར། ། བཅིངས་གྲོལ་ཐར་པ་ག་ལ་སྲིད། ། ཅེས་གསུངས་པ་བཞིན་ནོ། ། (4)སློབ་དཔོན་དྲུག་ནི། [1]སློབ་དཔོན་འཇིགས་མེད་ཐོབ། [2]སློབ་དཔོན་ཉི་ཟླ་གྲགས། [3]སློབ་དཔོན་སྙིང་པོ་ཐོབ། [4] སློབ་དཔོན་བདེན་པ་ཐོབ། [5]སློབ་དཔོན་ཤེས་པར་སྨྲ། [6]སློབ་དཔོན་བཀྲ་ཤིས་ཐོབ་དང་དྲུག་གོ ། འདི་དག་འཇིག་རྟེན་ན་གང་སྤྱོད་ཅིང་ཡོད་པ་དག་བདེན་གྱི། སངས་རྒྱས་པ་དང་། མུ་སྟེགས་པ་ལྟར་མ་ཡིན་ནོ། ། ཞེས་སྨྲ་བས་གཟའ་དང་། སྐར་མ་། དུས་ཚིགས་དང་། ལྷ་དང་། བརྟག་པའི་གནས་དང་། སྲིད་བསྲུང་བ་སྟེ་རིག་པའི་མཛོད་དྲུག་མཇལ་ཞིང་། ད་ལྟའི་ལེགས་ཉེས་རྟོག་པ་འབའ་ཞིག་ལ་གཙོར་འཛིན་ཏོ། ། དེའི་གྲུབ་པའི་གནས་དྲུག་པ་དེ་ཉིད་གསུམ་དུ་འབྱེད་དེ། སྐར་མཁན་གྱི་གཟའ་སྐར་དང་ཚེས་ཀྱི་བཟང་ངན་སྟོན་པ་དང་། རྒྱལ་པོས་ལྷའི་ཆོས་ལུགས་འཁོར་ལོས་བསྒྱུར་བ་ལ་སོགས་པའི་རབས་ལས་ཁྲིམས་ཤེས་པས་འབངས་སྐྱོང་བ་དང་། ཚོང་དཔོན་གྱིས་བརྟག་པའི་བྱེ་བྲག་རྟ་དང་གླང་པོ་ཆེ་དང་། རྒྱ་མཚོ་ལ་སོགས་པར་འཇུག་པ་དང་། མདུན་ན་འདོན་གྱིས་སྲིད་ཀྱི་སྡེ་རྒྱལ་བ་དང་ཕམ་པ་ལ་སོགས་པའི་གནས་འབྱེད་པ་དང་། སྐྱེ་བོ་ཕལ་པས་དུས་ཀྱི་སོ་ཚིས་ལ་འཇུག་སྟེ། རྒྱལ་པོ་དང་། ཡོན་ཏན་ཤེས་པ་དང་། འབངས་གསུམ་དུ་སྡུད་པས་ན་སློབ་དཔོན་ཚོང་དཔོན་ཕལ་པ་གསུམ་གཅིག་ཏུ་བྱའོ། ། དེ་དག་གི་རིག་གནས་ཐུན་མོང་བ་དྲུག་དང་། དྲུག་པ་ཉིད་རྒྱལ་པོ། བློན་པོ། རིག་ཤེས། ཚོང་དཔོན། འབངས་ལྔས་ཤེས་པར་བྱ་བས་སུམ་ཅུ་རྩ་དྲུག་ཏུ་བཞག་གོ (སྐབས་འདིར་བློན་པོ་སོ་དྲུག་གི་རྣམ་གྲངས་དབྱེ་རྒྱུ་དགོངས་པ་རྟོགས་དཀའ་བས་རེ་ཞིག་རྣམ་གྲངས་ཁག་དབྱེ་བ་འབྱེད་མ་ཐུབ་པ་གཞུང་གི་ཚིག་འགྲོས་ཆད་མེད་བཀོད་པ་མཁྱེན་ལྡན་རྣམ་པས་དཔྱད་པར་ཞུ།) 6.ཞར་བྱུང་གི་མུ་སྟེགས་པ་བཞི་གང་ཞེ་ན། (1)མོས་པ། (2)ཆགས་པ། (3)ཡེངས་པ། (4)གཡེང་བའི་འདུ་ཤེས་ཅན་དང་བཞིའོ། ། འདི་དག་ནི་ཚེ་འདིའི་བདེ་བ་སྤྱད་པས་གྲོལ་བར་སྨྲ་བས་འདོད་ཡོན་ལ་མོས་པ་དང་། ཆགས་པ་དང་། དེ་སེམས་ཡེངས་པ་དང་། དེ་ལ་སེམས་གཡེང་བ་བཞིར་བཞག་གོ། 7.ཏརྐ་སྡེ་དྲུག་གང་ཞེ་ན། (1)སེར་བུ་བོང་འདེད་ཀྱི་སྡེ། (2)རྩིག་ལྤགས་ཤ་ཟན་གྱི་སྡེ། (3)ཝ་མགོ་རེ་མཐོང་གི་སྡེ། (4)འཇིག་རྟེན་རྒྱང་འཕེན་གྱི་སྡེ། (5)རྒྱུ་འབྲས་གཏན་མེད་ཀྱི་སྡེ། (6)ཕྱལ་པ་དོན་མེད་ཀྱི་སྡེ་དང་དྲུག་གོ ། 8.རྒྱུར་ལྟ་བ་བཞི་གང་ཞེ་ན། (1)རང་བཞིན་རྒྱུར་ལྟ་བ། (2)བྱེད་པ་པོ་རྒྱུར་ལྟ་བ། (3)དབང་ཕྱུག་རྒྱུར་ལྟ་བ། (4)དུས་རྒྱུར་ལྟ་བ་དང་བཞིའོ། ། འདི་དག་རྟག་པར་ལྟ་བ་ལས་ཕྱེ་བས་བཞིར་བྱས་སོ། ། 9.མཁན་པོ་གཉིས་གང་ཞེ་ན། (1)རྟག་པའི་མཁན་པོ་ཤང་ཀ་དུང་འཛིན། (2)ཆད་པའི་སློབ་དཔོན་བློ་བ་ཧ་ཏིའོ། ། འདི་གཉིས་ རྩ་བའི་རྟག་ཆད་གཉིས་སོ། ། 10.གསང་བ་པ་གཅིག་གང་ཞེ་ན། རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་ནི་སྤྱོད་པའོ། ། 11.སྔོན་གྱི་མཐའ་ལ་རྟོག་པ་བཅོ་བརྒྱད་ནི། (1)བདག་དང་འཇིག་རྟེན་ལ་རྟག་ཆད་དུ་རྟོག་པ་བཞི། (2)རྟག་པར་རྟོག་པ་བཞི། (3)མཐའ་ལ་རྟོག་པ་བཞི། (4)ལྷ་མི་སྤོང་བར་སྨྲ་བ་བཞི། (5)རྒྱུ་མེད་པར་སྨྲ་བ་གཉིས་དང་བཅོ་བརྒྱད་དོ། ། 12.ཕྱི་མའི་མཐའ་ལ་རྟོག་པ་བཞི་བཅུ་རྩ་གཉིས་(བཞི།) (1)འདུ་ཤེས་ཅན་དུ་རྟོག་པ་བཅུ་དྲུག (2)འདུ་ཤེས་མེད་པར་རྟོག་པ་བརྒྱད། (3)འདུ་ཤེས་ཡོད་མེད་དུ་རྟོག་པ་བརྒྱད། (4)ཆད་པའི་ཁོངས་སུ་གཏོགས་པ་བདུན། མྱ་ངན་ལས་འདས་པར་སྨྲ་བ་ལྔ་དང་བཞི་བཅུ་རྩ་བཞིའོ། ། (སྐབས་འདིར་གཞུང་དུ་བཞི་བཅུ་རྩ་གཉིས་གསུངས་ཀྱང་དངོས་སུ་འདྲེན་སྐབས་བཞི་བཅུ་རྩ་བཞི་ཡོང་བ་དཔྱད།) (ཐ་མ་གཉིས་པོའི་ཞིབ་ཆ་སྡེ་ཚན་སོ་སོར་བཀོད་ཡོད།)

Tibetan Source 《མདོ་རྒྱུད་མཛོད་ཀི་པ་》ཤ་695.19ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number