2910

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Brda dkrol gser gyi me long
Revision as of 02:50, 23 August 2022 by Jeremi (talk | contribs) (CSV import of Brda dkrol gser gyi me long dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan བདར་བ།
Tibetan Alternate
Tibetan Definition སྟེར་བའམ་སྦྱིན་པའི་དོན་ལ་འཇུག་པ་ཡོད་དེ།《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། སེམས་ཅན་ལ་བདར་བ་ནི་སེམས་ཅན་ལ་སྟེར་བའམ་སྦྱིན་པའི་དོན་ཡིན། ཞེས་གསུངས། དཔེར་ན། 《སྤྱོད་འཇུག》ལས། དེ་ཕྱིར་བཟོད་པའི་འབྲས་བུ་ནི།། འདི་ལ་ཐོག་མར་བདར་འོས་ཏེ། ཞེས་དང་། དེའི་འགྲེལ་བར་གཉིས་ཀ་བཟོད་པའི་རྒྱུ་ལ་གཏོགས་པ་དེའི་ཕྱིར་འབྲས་བུ་དམ་པའི་ཆོས་ཀྱི་བདུད་རྩི་ནི་དགྲ་འདི་ལ་ཐོག་མར་བདར་བར་བྱ་སྟེ་སྦྱིན་པར་འོས་སོ།། ཞེས་གསུངས་པ་ལྟར་རོ།། གཞན་ཡང་བཅད་པ་དང་། བྱི་དོར་བྱས་པ་སོགས་དུ་མར་འཇུག་སྟེ།《དག་ཡིག་ཤེས་བྱ་རབ་གསལ》ལས། རལ་གྲི་བདར་དང་བདེན་པ་བདར། ཕྱི་བདར་བྱེད་ཅིང་། ཞེས་དང་། 《བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག》ལས། བདར་བ་ཤིང་སོགས་བཅད་པའམ་གཞོག་པ་དང་།། བྱི་དོར་ལས་སམ་ཕྱེ་མར་བྱས་པ་དང་།། ཡང་ན་གཟབས་པའམ་སྦྱིན་པ་ལ་སོགས་པ།། སོ་སོར་སྐབས་ཐོབ་ཀྱིས་ནི་འཇུག་པ་ཡོད།། ཅེས་གསུངས་པ་ལྟར་རོ།།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number