100282

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 21:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྤོ་འབོར་བློ་བཟང་དྲི་མེད་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ཆུ་ཕག་ཕྱི་ལོ ༡༦༨༣ ལོར་མདོ་ཁམས་ཤོག་དྲུག་ཏུ་འཁྲུངས། འདས་ལོ་མི་གསལ། ཆུང་དུས་ནས་ཤོག་དྲུག་དགེ་ལྡན་ཆོས་འཕེལ་གླིང་དུ་ཞུགས། ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས། དབྱངས་རོལ་མོ་སོགས་ལེགས་པར་སྦྱངས། དབུས་ཀྱི་འབྲས་སྤུངས་བློ་གསལ་གླིང་གི་ཆོས་གྲྭར་ཞུགས། བླ་མ་མང་པོར་བསྟེན་ནས་བསྡུས་གཞུང་དང་། པོད་ལྔའི་གཞུང་ལ་ཐོས་བསམ་རྣལ་མ་མཛད། རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ཕྱི་ལོ ༡༧༢༣ ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། སྐབས་དེར་མཁས་སྙན་རྒྱས། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་དང་། ཆོ་ག་ཕྱག་ལེན་བཅས་ལ་གསན་བསམ་མཛད། གསང་ཆེན་རྒྱུད་སྡེ་ལ་མཁས་གྲུབ་ཆེན་པོར་གྱུར། གསང་སྔགས་མཁར་གྱི་མཁན་ཁྲི་སྐྱོང་བཞིན་སྨད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་ཕེབས། ཚལ་གྱི་འདུ་ཁང་གསར་ཡང་བཞེངས། བྱང་རྩེའི་ཁྲིར་བཞུགས། འཆད་ཉན་བསྐྱངས། རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་ཕྱི་ལོ ༡༧༥༠ ལོར་དགའ་ལྡན་གསེར་ཁྲིར་བཞུགས། གསེར་ཁྲི་ལོ་བདུན་རིང་བསྐྱངས། རྟེན་གསུམ་མང་པོ་བཞེངས། ཁྲི་ཟུར་རྗེས་བྱ་ཡུལ་ཆོས་སྡེར་བཞུགས། གསེར་ཟངས་ལས་གྲུབ་པའི་རྗེ་རིན་པོ་ཆེའི་སྐུ་བརྙན་སོགས་བཞེངས། འདས་ལོ་མི་གསལ། དངུལ་གདུང་བློ་གསལ་གླིང་གི་གཙུག་ལག་ཁང་དུ་བཞུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ང་དྲུག་པ་ཡིན། མཚན་གཞན། བྱང་རྩེ་བློ་བཟང་དྲི་མེད།

{{#arraymap:སྤོ་འབོར་བློ་བཟང་དྲི་མེད་

|; |@@@ | | }}