10257

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 17:43, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྩ་ཉེར་བཞི
Tibetan Definition 2 སྤྱི་བོར་རྩ་མི་ཕྱེད་མ་ནས། ཕྱོགས་བཞིར་རྩ་བཞི་གྱེས། དེ་བཞིའི་རྩེ་མོ་གཉིས་གཉིས་སུ་གྱེས་པས་ཕྱོགས་མཚམས་ཀྱི་རྩ་བརྒྱད་དོ། །བརྒྱད་པོ་རེ་རེ་ལ་གསུམ་གསུམ་དུ་གྱེས་པས་རྩ་ཉེར་བཞིའོ། །2 རྐྱང་མ་ལས་སྐྱེས་པའི་རྩ་བཅུ་བཞི་དང༌། རོ་མ་ལས་སྐྱེས་པའི་རྩ་བཅུ་སྟེ་ཉེར་བཞིའོ། །རྐྱང་མ་ལས་སྐྱེས་པའི་རྩ་བཅུ་བཞི་ནི། ༡ རྡོ་རྗེ་གསུམ་མི་ཕྱེད་པས་ན་མི་ཕྱེད་མ། ༢ བེམ་པོས་བསྡུས་ཤིང་ཤིན་ཏུ་ཕྲ་བས་ཕྲ་གཟུགས་མ། ༣ དགའ་བར་བྱེད་དམ་ཡིད་དུ་འོང་བས་བརྩེ་བ་མ། ༤ གཡོན་ཕྱོགས་ལ་བརྟེན་པས་གཡོན་པ་མ། ༥ ཟླུམ་ཞིང་ཚད་ཐུང་བས་ཐུང་ངུ་མ། ༦ རུས་སྦལ་གྱི་དབྱིབས་འདྲ་བས་རུས་སྦལ་སྐྱེས་མ། ༧ སྲིད་པ་སྒོམ་པས་སྒོམ་པ་མ། ༨ དབང་སྐུར་སྦྱིན་པར་བྱེད་པས་དབང་མ། ༩ ཉོན་མོངས་པ་སུན་འབྱིན་པར་བྱེད་པས་སྐྱོན་མའམ་སྐྱོན་བྲལ་མ། ༡༠ ལུས་སྐྱོང་བའི་ལས་ལ་འཇུག་པས་འཇུག་མ། ༡༡ མ་དང་རྗེས་སུ་མཐུན་པས་མ་མོ། ༡༢ སྣང་བ་ནུབ་པའི་བདག་ཉིད་ཅན་ཡིན་པས་མཚན་མོ། ༡༣ ཞི་བས་ན་གསིལ་སྦྱིན་མ། ༡༤ དྲོ་བར་བྱེད་པས་ཚ་བ་མ་སྟེ་བཅུ་བཞིའོ། །རོ་མ་ལས་སྐྱེས་པ་བཅུ་ནི། ༡ བདེ་བ་ལ་གཞོལ་བས་གཞོལ་མ། ༢ བདེ་བས་ཚིམས་ཤིང་རངས་པར་བྱེད་པས་རངས་མ། ༣ བེམ་པོས་བསྡུས་པས་ཤིན་ཏུ་གཟུགས་ཅན་མ། ༤ ཐམས་ཅད་ལས་མཉམ་པས་སྤྱི་མ། ༥ རྒྱུ་ཐམས་ཅད་སྦྱིན་པར་བྱེད་པས་རྒྱུ་སྦྱིན་མ། ༦ སྡུག་བསྔལ་གྱི་སྦྱོར་བ་དང་བྲལ་བས་སྦྱོར་བྲལ་མ། ༧ རྗེས་སུ་ཆགས་པས་སྡུག་གུ་མ། ༨ དངོས་གྲུབ་སྦྱིན་པས་ན་གྲུབ་མ། ༩ མེའི་རང་བཞིན་ཡིན་པས་འཚེད་མ། ༡༠ ཤེས་རབ་ཀྱི་ལྷ་མོ་ཡིན་པས་ཡིད་བཟང་མ་དང་བཅུ་བཅས་གོང་འོག་བསྡོམས་པས་རྩ་ཉེར་བཞིའོ། །འདི་དག་ནི་ཀྱེ་རྡོར་གྱི་རྒྱུད་ལས་གསུངས་པའི་རྩ་སོ་གཉིས་ཀྱི་གྲས་སོ། །