1550

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀིརྟི་སྐུ་ཕྲེང་བཅུ་པ་ངག་དབང་བློ་བཟང་བསྟན་པ་ཚེ་རིང་ (1)
Part of speech མིང་ཚིག
Definition སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་པ་ངག་དབང་བློ་བཟང་བསྟན་པ་ཚེ་རིང་མཆོག་ནི། རབ་བྱུང་བཅོ་ལྔ་པའི་ལྕགས་བྱ། ཕྱི་ལོ་ ༡༩༢༡ ལོར་ཚ་ཁོའི་ཀིརྟིའི་མི་རྩ་ཚང་དུ་ཡབ་མཐུ་སྟོབས་རྡོ་རྗེ་དང༌། ཡུམ་ཀླུ་དབང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཆུ་ཕག ཕྱི་ལོ་ ༡༩༢༣ ལོར་པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་དང༌། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དཔལ་བཟང་པོ་སོགས་ཀྱིས་ལུང་བརྟག་རྩེ་མཐུན་གྱིས་སྐྱབས་མགོན་ཀིརྟི་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། མེ་སྟག ཕྱི་ལོ་ ༡༩༢༦ ལོར་གདན་ས་སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་ཁྲི་འདོན་ཞུས། མེ་ཡོས། ཕྱི་ལོ་ ༡༩༢༧ ལོར་གཞུང་ལུགས་རབ་འབྱམས་སྨྲ་བ་མགོན་པོ་ཀླུ་སྒྲུབ་ཐར་འདོད་འགྱུར་མེད་རྒྱ་མཚོ་མཆོག་ཡོངས་འཛིན་དུ་བསྟེན་ནས་གསན་བསམ་དབུ་ཚུགས། རྔ་ཡུལ་ཀིརྟིའི་དགོན་དུ་དུས་འཁོར་གྲྭ་ཚང་གསར་འཛུགས་མཛད། རྡོ་རྗེ་འཆང་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་དབང་ལུང་མང་དུ་གསན། ས་འབྲུག ལྕགས་ལུག ཕྱི་ལོ་ ༡༩༣༡ ལོར་རྔ་ཡུལ་ཀིརྟིའི་དགོན་དགེ་ལྡན་ལེགས་བཤད་གླིང་སོགས་སུ་ཞབས་སོར་བཀོད་དེ་ཁྲི་སྟོན་མཛད། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དང་སྒིས་སྟེང་ཡོངས་འཛིན་བློ་བཟང་དཔལ་ལྡན་ཡབ་སྲས་ཀྱི་དྲུང་ནས་སྔ་ཕྱིར་མདོ་སྔགས་ཀྱི་བཀའ་ཆོས་རྒྱ་ཆེར་གསན། ཤིང་ཕག ཕྱི་ལོ་ ༡༩༣༥ ལོར་སྐུ་འབུམ་བྱམས་པ་གླིང་དུ་ཀུན་གཟིགས་པཎ་ཆེན་ཆོས་ཀྱི་ཉི་མ་དང་མཇལ་འཛོམས་གནང་། པཎ་ཆེན་རིན་པོ་ཆེས་ཞབས་བརྟན་གསོལ་འདེབས་ཀྱང་བསྩལ། ས་སྟག ཕྱི་ལོ་ ༡༩༣༨ ལོར་རྔ་ཡུལ་ཀིརྟི་དགོན་དུ་ཐུགས་རྗེ་ཆེན་པོའི་དབང་ཆེན་དང་། སྟག་ཚང་ལྷ་མོར་དུས་འཁོར་དབང་ཆེན་སོགས་ཟབ་རྒྱས་ཆོས་ཀྱི་ཆར་པ་ཕབ། ལྕགས་འབྲུག ཕྱི་ལོ་ ༡༩༤༠ ལོར་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གཅིག་བཞེས་པ། རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ། ཕྱི་ལོ་ ༡༩༤༡ ལོར་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན།
Synonyms སྐྱབས་མགོན་ངག་གི་དབང་པོ། ངག་དབང་བློ་བཟང་བསྟན་པ་ཚེ་རིང་།

{{#arraymap:ཀིརྟི་སྐུ་ཕྲེང་བཅུ་པ་ངག་དབང་བློ་བཟང་བསྟན་པ་ཚེ་རིང་

|; |@@@ | | }}