1655

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྡེ་བརྒྱད།
Tibetan Alternate
Tibetan Definition འདི་ལ་གྲངས་འདྲེན་ཚུལ་མི་འདྲ་བ་འགའ་ཞིག་ཡོད་ཚུལ། འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོས་མཛད་པའི་《གསུང་རབ་རྣམས་ལས་བྱུང་བའི་གྲངས་འདྲེན་གྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་》ལས་གསུངས་པ་ལྟར་བྲིས་ན། རྒྱུད་སྡེ་ལས་གསུངས་པའི་སྡེ་བརྒྱད་ནི། 1. ལྷ། 2. ཀླུ། 3. གནོད་སྦྱིན། 4. ལྟོ་འཕྱེ། 5. མཁའ་ལྡིང༌། 6. ལྷ་མིན། 7. བྲུལ་བུམ། 8. མིའམ་ཅི་རྣམས་སོ། ཡང་ལུགས་གཅིག་ལ། 1. དཀར་པོ་ལྷའི་སྡེ། 2. ནག་པོ་བདུད་ཀྱི་སྡེ། 3. དམར་པོ་བཙན་གྱི་སྡེ། 4. སྨུག་པོ་དམུའི་སྡེ། 5. ཁྲ་བོ་གཟའ་ཡི་སྡེ། 6. ཤ་ཟ་སྲིན་པོའི་སྡེ། 7. དཀོར་བདག་རྒྱལ་པོའི་སྡེ། 8. ནད་བདག་མ་མོའི་སྡེ་བཅས་སུ་འདྲེན་ཚུལ་དང་། ཡང་རྙིང་མའི་གཞུང་ལས་གསུངས་པའི་སྡེ་བརྒྱད་གྲངས་འདྲེན་ཚུལ་ཁག་བཞིའི་ནང་ནས་དང་པོ་ཕྱིའི་སྡེ་བརྒྱད་ནི། 1. ལྷ་ཡི་དབང་པོ་བརྒྱ་སྦྱིན། 2. ལྷ་མིན་གྱི་དབང་པོ་ཐགས་བཟང་རིས། 3. ཀླུའི་རྒྱལ་པོ་དགའ་བོ། 4. སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ། 5. བདུད་ཀྱི་རྒྱལ་པོ་དམུ་རྗེ་བཙན་པོ། 6. མིའམ་ཅིའི་རྒྱལ་པོ་འཇོན་པ་རྟ་མགོ་ཅན་སོགས། གཉིས་པ། ནང་གི་སྡེ་བརྒྱད་ནི། 1. ཀླུ་སོག་མ་མེད་པ། 2.མ་མོ་ཙ་མུནྚ། 3. གཤིན་རྗེ་དམར་པོ། 4 གཟའ་བདུད་ནག་པོ། 5. བཙན་ཡམ་ཤུད་དམར་པོ། 6. བདུད་མོ་གསེར་མིག་མ། 7. ཡུལ་ལྷ་མ་ཧཱ་དེ་བ། 8. སྨན་མོ་འབྲུག་སྒྲོག གསུམ་པ། གསང་བའི་སྡེ་བརྒྱད་ནི། 1. དབང་ཕྱུག་མ་ཧཱ་དེ་ཝ། 2. ཀླུ་འཆི་བདག་མགོ་དགུ། 3. གཤིན་རྗེ་ཆོས་ཀྱི་རྒྱལ་པོ། 4. མ་མོ་ཨེ་ཀ་ཛཱ་རི། 5. བདུད་པོ་རལ་པ་རྐྱ་གཅིག 6. སྲིན་པོ་ཡཀྵ་ནག་པོ། 7. གནོད་སྦྱིན་སོ་ག 8. གཟའ་ཁྱབ་འཇུག་བཅས་དང་། བཞི་བ། དྲག་པོ་སྔགས་ཀྱི་སྡེ་བརྒྱད་ནི། 1. བཙན་སྤྲུལ་མགོ་ཅན། 2. དམུ་བདུད་ཡ་བ་ཏི། 3. བདུད་ནག་པོ་བཀྲག་མེད། 4. སྲིན་པོ་སྲོག་གཅོད་ནག་པོ། 5. ཀླུ་བདུད་ནག་པོ་སྦྲུལ་ཞགས་ཅན། 6. སྒྲོལ་གྱིང་ཡམ་ཤུད་དམར་པོ། 7. གནོད་སྦྱིན་སྲོག་གཅོད་ནག་པོ། 8. མ་མོ་ནག་པོ་འཇིགས་མ་བཅས་སོ། ད་དུང་དེ་མིན་པའི་འདྲེན་ཚུལ་གཞན་འགའ་ཞིག་ཡོད་ཀྱང་འདིར་མ་བྲིས་སོ།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified) 八部:有几种说法:(一)1.天;2.龙;3.药叉;4.大腹行;5.金翅鸟;6.非天;7.寻香;8.人非人。同 ལྷ་ཀླུ་སྡེ་བ་རྒྱུད།(二)1.白天部;2.黑魔部;3.红妖部;4.紫水肿鬼部;5.斑煞部;6.食肉鬼罗刹婆部;7.寺財主妖部;8.瘟神鬼母部。(三)红教经典中又有四说:一、外八部;1. 帝释天;2.净心天;3.龙王;4.十头罗刹王;5.魔王;6.人非人等。二、内八部:1.无秸龙;2.鬼母;3.红阎罗;4.黑煞魔;5.红妖;6.金眼女妖;7.方神;8.地母。金女妖;7.方神;8.地母。三、秘密八部:1.大自在天;2.九头阎王龙;3.阎王;4.魔女伊噶扎日;5.独辫魔;6.黑罗剎;7.夜叉;8.遍入天。四、威猛咒八部:1.蛇头妖;2.水肿鬼亚瓦抵;3.隐身黑妖无惧;4.黑杀生罗剎;5.黑龙妖蛇繩身;6.紅雅木休除灭鬼;7.黑殺生药叉;8.惧黑魔母等等。
Chinese (Traditional) 八部:有幾種說法:(一)1.天;2.龍;3.藥叉;4.大腹行;5.金翅鳥;6.非天;7.尋香;8.人非人。同 ལྷ་ཀླུ་སྡེ་བ་རྒྱུད།(二)1.白天部;2.黑魔部;3.紅妖部;4.紫水腫鬼部;5.斑煞部;6.食肉鬼羅剎婆部;7.寺財主妖部;8.瘟神鬼母部。(三)紅教經典中又有四說:一、外八部;1. 帝釋天;2.淨心天;3.龍王;4.十頭羅剎王;5.魔王;6.人非人等。二、內八部:1.無秸龍;2.鬼母;3.紅閻羅;4.黑煞魔;5.紅妖;6.金眼女妖;7.方神;8.地母。金女妖;7.方神;8.地母。三、秘密八部:1.大自在天;2.九頭閻王龍;3.閻王;4.魔女伊噶扎日;5.獨辮魔;6.黑羅剎;7.夜叉;8.遍入天。四、威猛咒八部:1.蛇頭妖;2.水腫鬼亞瓦抵;3.隱身黑妖無懼;4.黑殺生羅剎;5.黑龍妖蛇繩身;6.紅雅木休除滅鬼;7.黑殺生藥叉;8.懼黑魔母等等。
Chinese Definition
Page Number