689

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཞི།
Tibetan Alternate
Tibetan Definition འཁོར་ལོ་བསྒྱུར་བའི་རྒྱལ་པོ་གང་ཞེ་ན། དེ་ཡང་ཚེ་ལོ་གྲངས་མེད་ནས་བརྒྱད་ཁྲི་ཡན་ཆད་ལ་བྱོན་ལ། དམན་ཆད་ལ་མི་བྱོན་ཏེ། དེའི་ལུས་དང་ཡོ་བྱད། འདུལ་བའི་སྐྱེ་བོ་ལ་སོགས་མི་རྫོགས་པས་སོ། སྟོབས་ཀྱི་འཁོར་ལོ་བསྒྱུར་བ་ནི། བརྒྱ་པ་ཡན་ཆད་ལ་བྱོན། དབྱེ་ན། གསེར་གྱི་འཁོར་ལོ་ཅན་སྟེ། གསེར་གྱི་འཁོར་ལོས་བསྒྱུར་བ་ཅན། གླིང་བཞི་ཆར་དབང་བྱེད་དེ་མི་དགེ་བ་བཅུ་སྤངས་ཏེ་དགེ་བ་བཅུ་ལ་བཀོད་པ། དངུལ་གྱི་འཁོར་ལོས་བསྒྱུར་བ་ཅན། ཤར་ལྷོ་ནུབ་གསུམ་གྱི་གླིང་ལ་དབང་བྱེད་དེ་རང་ཉིད་ཕར་བྱོན་ཏེ་རིམ་གྱིས་བསྙེན་བསྐུར་སོགས་བྱེད་པ། ཟངས་ཀྱི་འཁོར་ལོས་བསྒྱུར་བ་ཅན། ཤར་ལྷོའི་གླིང་གཉིས་ལ་དབང་བྱེད་དེ། གཡུལ་བཤམ་པའི་ཚུལ་གྱིས་བསྒོ་བ་ཉན་པ་དང་། ལྕགས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཛམྦུ་གླིང་པ་ལ་དབང་བྱེད་དེ། རྒྱལ་ཕྲན་རྣམས་ལ་མཚོན་གྱིས་བསྡིགས་ནས་བཀའ་བསྒོ་ཉན་པའོ། དེ་ལ་ལུས་ནི་མཚན་དཔེ། ཡོ་བྱད་ནི་རིན་པོ་ཆེ་ཉི་ཤུ་རྩ་གཅིག་གོ
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified) (宗)四种转轮王。佛书说,此洲人寿无量岁乃至八万岁有转轮王生,减八万时,有情富乐,寿量减损,众恶渐盛非大人器,故无转轮王。力转轮王百岁可生,分为四种:转金轮王,统辖四洲,弃十不善法行十善法,转银轮王,统辖须弥山之东南西三大洲,自身逝去,受人尊敬;转铜轮王,统辖东南二洲,以兵力治国;转铁轮王,统辖南瞻部洲,以兵器制伏世人。此王身具三十二相,八十種隨好,享用二十一種珠寶。參 འཁོར་རྒྱལ་བཞི།
Chinese (Traditional) (宗)四種轉輪王。佛書說,此洲人壽無量歲乃至八萬歲有轉輪王生,減八萬時,有情富樂,壽量減損,眾惡漸盛非大人器,故無轉輪王。力轉輪王百歲可生,分為四種:轉金輪王,統轄四洲,棄十不善法行十善法,轉銀輪王,統轄須彌山之東南西三大洲,自身逝去,受人尊敬;轉銅輪王,統轄東南二洲,以兵力治國;轉鐵輪王,統轄南瞻部洲,以兵器制伏世人。此王身具三十二相,八十種隨好,享用二十一種珠寶。參 འཁོར་རྒྱལ་བཞི།
Chinese Definition
Page Number