1678

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཐུམ་འཕྲས།
Tibetan Alternate
Tibetan Definition ཐུམ་ཙམ་གྱིས་གཉིད་སྲབ་མོའི་མིང་སྟེ།《བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས》ལས། ཐུམ་འཕྲས་ནི་གཉིད་སྲབ་པ། ཞེས་གསུངས་པ་དང་། 《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། ཐུམ་འཕྲས་ནི་ཐུམ་ཙམ་གྱིས་གཉིད་སྲབ་མོ་སྟེ། དེ་ཡང་འཇིགས་སྐྲག་དང་བཅས་པའི་གཉིད་སྲབ་མོ་ཐུམ་ཙམ་ཐུམ་ཙམ་རེ་བྱེད་པའི་དོན་ནོ།། ཞེས་གསུངས། དཔེར་ན། 《ལམ་རིམ་ཆེན་མོ》ལས། རྣམ་པ་ཐམས་ཅད་དུ་གཉིད་ཀྱིས་ནོན་པ་ལ་སེམས་གཞོལ་བར་མི་བྱེད་པར་བརྩོན་འགྲུས་ཀྱིས་ཟིན་པའི་སེམས་ཀྱིས་རི་དྭགས་བཞིན་དུ་ཐུམ་འཕྲས་ཀྱིས་ཉལ་བ། ཞེས་པ་ལྟ་བུའོ།།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number