1720

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཐོག་དྲུང་།
Tibetan Alternate
Tibetan Definition ཉེ་རིང་ངམ་རྩ་རྩེའམ་རྒྱུ་འབྲས་ཀྱི་དོན་ཏེ།《ལམ་རིམ་ཆེན་མོའི་བརྡ་དཀྲོལ》ལས། ཐོག་དྲུང་ནི་ཐོག་མ་སྟེ་དུས་སྔ་མ་དང་། དྲུང་ན་གནས་པ་སྟེ་དུས་མཉམ་པའམ་ཡང་ན་ཉེ་རིང་ངམ་རྩ་རྩེ་རྒྱུ་འབྲས་ཏེ། དེ་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་ལ་བཟང་ངན་གྱི་རིམ་པ་མེད་པས་ཐོག་དྲུང་རིམ་པ་དབྱེར་མ་མཆིས་ཞེས་དམར་མཆན་དུ་གསུངས། ཞེས་གསུངས། དཔེར་ན། 《ལམ་རིམ་ཆེན་མོ》ལས། ཁྱད་པར་འཕགས་པར་བགྱི་བ་ལ།། ཁྱོད་ལ་ཐང་ལྷོད་འགའ་མ་མཆིས།། དེ་སླད་ཁྱོད་ཀྱི་ཁྱད་པར་རྣམས།། ཐོག་རྡུང་རིམ་པ་དབྱེར་མ་མཆིས།། ཞེས་པ་ལྟ་བུའོ།།
Tibetan Source
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number