100467

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱད་པར་བྱ་བ་ཚིག་ཏུ་བརླང་པོར་སྨྲ་བ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། གསང་སྔགས་ལུགས་ལ་ཐུན་མིན་གྱི་ཡན་ལག་གི་དམ་ཚིག་ཉེར་ལྔའི་ནང་གསེས། སྤྱད་པར་བྱ་བའི་དམ་ཚིག་ལྔའི་ཡ་གྱལ་ཞིག་ཡིན། སྐབས་འདིར་ཚིག་ཏུ་བརླང་པོར་སྨྲ་ཞིང་བསྲུང་བའི་དམ་ཚིག་ཅེས་པ་ནི། སྐྱེ་བོ་ཐ་མལ་པས་ཉོན་མོངས་པའི་གཞན་དབང་གིས་ཚིག་རྩུབ་མོ་སྨྲ་ཞིང་སྤྱོད་པ་ལྟ་བུ་མ་ཡིན་པ་སྟེ། ཐེག་ཆེན་གསང་སྔགས་ལུགས་ཀྱི་ལྟ་སྒོམ་གྱི་རྟོགས་པའི་གདེངས་དང་ལྡན་པའི་གང་ཟག་གིས་བསྟན་དང་འགྲོ་བར་ཕན་པའི་ཐབས་སུ་ཚིག་རྩུབ་སྨྲ་ཞིང་སྤྱོད་པའི་གཞན་དོན་གྱི་ལུས་ཀྱི་སྤྱོད་པ་ཞིག་གོ ། དེ་ཡང་ཡུལ་གང་དུ་སྨྲ་ཞེ་ན། འགུ་ཡ་ལས། ངག་ཏུ་བརླང་པར་སྨྲ་བ་ནི། །བསྒྲལ་བའི་ཞིང་དུ་གྱུར་པ་ལ། །མི་སྙན་པ་ཡི་ཚིག་བརླང་གིས། །ཞེ་བཅད་དྲག་ཤུལ་སྤྱོད་པ་ཡིས། །དྲག་སྔགས་དྲག་པོ་བཟླས་པ་དང་། །གཟུངས་མ་དག་ལ་ངོ་ཚ་བོར། །སློབ་བུ་ཉིད་ལ་འདི་ལྟར་དུ། གྱིས་ཤིག་ཞེས་བྱས་ཞེ་གཅོད་དང་། །བསྭོ་དང་ཧ་དང་ཆ་ལས་སོགས། །ཞེས་པས། དེ་ཡང་བསྟན་དང་འགྲོ་བའི་དོན་ལ་གནོད་ཅིང་འཚེ་བ་བསྒྲལ་བའི་ཞིང་དུ་གྱུར་པ་དག་ལ་ངག་གི་སྒོ་ནས་མི་སྙན་པའི་ཚིག་རྩུབ་མོར་སྨྲ་བ་སྟེ། དྲག་ཤུལ་གྱི་སྒོ་ནས་ཡི་དམ་ལྷའི་གཟུངས་སྔགས་དྲག་པོར་བཟླ་བ་དང་རྔམ་གཏུམ་གྱི་བསྭོ་ཆ་ཧ་ཡི་སྒྲ་སྐད་སྒྲོགས་པ་དང་། ཉོན་མོངས་ཆགས་ཞེན་གྱི་དབང་གིས་མ་ཡིན་པར་སྒོམ་པའི་ཉམས་རྟོགས་འཕེལ་བའི་ཆེད་དུ་མཚན་ལྡན་རིག་མ་དག་ལ་འཛེམ་དྭོགས་ཀྱི་ངོ་ཚ་མི་མངའ་བ་ཐབས་ཤེས་ཟུང་འཇུག་གི་ཚུལ་དུ་རང་གིས་སྦྱོར་ལ་གཞན་སློབ་བུ་ལ་ཡང་སྦྱོར་བར་གྱིས་ཤིག་ཅེས་གདམས་པར་བྱེད་པའི་ངག་དག་གོ །
Domain ཆོས་ལུགས།

{{#arraymap:སྤྱད་པར་བྱ་བ་ཚིག་ཏུ་བརླང་པོར་སྨྲ་བ་

|; |@@@ | | }}