100517

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱན་རས་གཟིགས་ (1)
Part of speech མིང་ཚིག
Definition བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་ཀྱི་ནང་ཚན་ཞིག ཡི་དམ་གྱི་ལྷ་འདི་མདོ་རྒྱུད་བཀའ་གཏེར་མང་པོར་གསལ་ཡང་། གཙོ་ཆེར་མདོ་རྒྱུད་ཉེར་གཅིག་སོགས་སྤྱན་རས་གཟིགས་ཁོ་ནའི་ཆོས་སྐོར་ཧ་ཅང་མང་པོ་བཞུགས། སྤྱིར་ལྷ་འདི་ལ་བརྟེན་ནས་ཕྲིན་ལས་སྣ་ཚོགས་སྒྲུབ་ཆོག་ཀྱང་། གཙོ་ཆེར་ཞི་བའི་ལས་ལ་སྦྱར་བའི་སྒྲུབ་ཐབས་མང་པོ་སྣང་། རྣམ་པ་ལོངས་སྤྱོད་རྫོགས་པའི་ཆས་སྐུ་མདོག་དཀར་པོ་ཞལ་གཅིག་དང༌། ཕྱག་བཞི་ལྡན། ཕྱག་དང་པོ་གཉིས་ཀྱིས་ཐལ་མོ་སྦྱར་བའི་དབུས་སུ་ནོར་བུ་འཛིན་ཅིང་། ཕྱག་འོག་མ་གཉིས་ཀྱི་གཡས་པས་ཤེལ་དཀར་ཕྲེང་བ་དང་། གཡོན་གྱིས་པདྨ་དཀར་པོ་བསྣམས་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། སྤྱི་བོར་རིགས་ཀྱི་བདག་པོ་རྒྱལ་བ་འོད་དཔག་མེད་པའི་དབུས་བརྒྱན་པ་འདི་ཡོངས་སུ་གྲགས་ཆེ་ལ། གཞན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྣ་ཚོགས་མཛད་པའི་སྐུའི་རྣམ་འགྱུར་མི་འདྲ་བ་མང་དུ་ཡོད་པ་ནི། སྒྲུབ་ཐབས་རིན་འབྱུང་བརྒྱ་རྩ་དང༌། སྒྲུབ་ཐབས་རྒྱ་མཚོ་སོགས་སུ་གསལ།
Domain ཆོས་ལུགས།
Synonyms གྲུ་འཛིན་བདག་པོ། འཇིག་རྟེན་མགོན་པོ། སྙིང་རྗེ་གཏེར། བདུད་རྩིའི་ཆར་ལྡན། རྡོ་རྗེ་ཉི་མ། ཕྱག་ན་པདྨ། བརྩོན་འགྲུས་ཆེ། འོད་དཔག་མེད་ཀྱི་ཐོད་ཅན། ཡིད་བཞིན་ནོར་བུ། གྲུ་འཛིན་རི་ལ་དགྱེས། གྲུ་འཛིན་མགོན། འཇིག་རྟེན་གསུམ་མགོན། འཇིག་རྟེན་དབང་ཕྱུག ཐུགས་རྗེ་ཆེན་པོ། བརྩེ་བའི་གཏེར། བརྩེ་བ་ཅན། སྙིང་རྗེའི་ལྷ། བདེ་ལྡན་དབང་ཕྱུག པད་དཀར་འཆང་། པདྨའི་མཚན། ཆུ་སྐྱེས་ཅན། མིག་སྟོང་ལྡན་པ།

{{#arraymap:སྤྱན་རས་གཟིགས་

|; |@@@ | | }}