100518

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱན་རས་གཟིགས་ཀྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། སྤྱན་རས་གཟིགས་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བཅུ་དྲུག་པ་ཡིན། བརྗོད་བྱ། བཀའ་གདམས་ལྷ་བཞིའི་སྤྱན་རས་གཟིགས་ཀྱི་བསྐྱེད་བཟླས་དང་བསམ་མི་ཁྱབ་པའི་དམིགས་རྣམ་མདོ་ཟ་མ་ཏོག་བཀོད་པ་ལས་འབྱུང་བ་ལྟར་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། སྤྱན་རས་གཟིགས་དབང་དཔལ་ལྡན་ཨ་ཏི་ཤ ། དབང་ཕྱུག་རྒྱལ་མཚན་སྣེ་ཟུར་ཡེ་ཤེས་འབར། །རྡོ་རྗེ་སེང་གེ་ཞང་སྟོན་སེང་གེ་སྐྱབས། །མཆིམས་ཆེན་སྐྱོ་སྟོན་ཟེའུ་རྣམ་པ་གཉིས། །མཆིམས་སྟོན་གྲོ་སྟོན་སྤང་སྟོན་གྲགས་སྟོན་པ། །ཡོན་ཏན་དཔལ་པ་ཀུན་དགའ་མཆོག་གྲུབ་ཞབས། །ཞེས་སོགས་དང་། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །སྒྲོལ་བའི་མགོན་པོ་རྗེ་བཙུན་འཕྲིན་ལས་དབང་། །རིན་ཆེན་རྒྱ་མཚོ་སྙིང་པོ་མཐའ་ཡས་དང་། །ཀུན་བཟང་དབང་པོ་རྣམས་ལ་གསོལ་བ་འདེབས། །ཆོས་དབྱིངས་ཆོས་འབྱོར་མཐུ་སྟོབས་དཔའ་བཟང་དང་། །ལྕགས་ཟམ་སྤྲུལ་སྐུ་བསྟན་སྐྱོང་མཁྱེན་བརྩེའི་དབང་། །ཡོན་ཏན་རྒྱ་མཚོ་འཁོར་ལོ་བདེ་ཆེན་མཚན། །སྟོབས་ལྡན་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཚེ་ནོར་ཆོས་འབྱོར་ཀརྨ་འགྱུར་མེད་དང་། །ཚེ་དབང་པད་སྤྲུལ་བློ་གྲོས་མཐའ་ཡས་དང་། །ངག་དབང་བློ་གྲོས་བདེ་ཆེན་རྡོ་རྗེ་དང་། །བློ་བཟང་ཕྱོགས་གླང་རྣམས་ལ་གསོལ་བ་འདེབས། །མཁྱེན་རབ་རྒྱ་མཚོ་བློ་གྲོས་རྣམ་པར་རྒྱལ། །ཡོན་ཏན་བཟང་པོ་མཁན་ཆེན་ཤེས་རབ་གསལ། །ཐུགས་རྗེ་དཔལ་བཟང་པདྨ་རྣམ་པར་རྒྱལ། །འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། མཆིམས་ཀྱི་དཔེ་ལས་བཏུས། ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:སྤྱན་རས་གཟིགས་ཀྱི་ཁྲིད་

|; |@@@ | | }}