10053

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུངས་ཕུག་དགོན་ (1)
Part of speech མིང་ཚིག
Definition ཀཿཐོག་རྡོ་རྗེའི་གདན་ཞེས་རྡོ་རྗེའི་གདན་གསུམ་གྱི་ཡ་གྱལ། བོད་ཆོལ་ཁ་གསུམ་གྱི་བསྟན་པའི་འབྱུང་གནས་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་ཕྲིན་ལས་གནས་ཀྱི་གཙོ་བོ་གསང་ཆེན་སྔ་འགྱུར་རྙིང་མའི་ཆུ་འགོ་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་གདན་གནས་དེ་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་ཆེན་ལྔ་ཡོད་པ་ལས། གསུང་གནས་གཟུངས་ཕུག་གཡུ་ལོ་བཀོད་པའི་ཞིང་ཁམས་ཞེས་ཡོངས་སུ་གྲགས་པ་འདིར་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཕུག་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་གནས་རི། རྟ་མགྲིན་གསང་ཕུག་སོགས། སྒྲུབ་གནས་ཁྱད་འཕགས་དེར་རྒྱལ་བ་ཀཿཐོག་པའི་སྔོན་བྱོན་གྱི་གྲུབ་བརྙེས་གོང་མ་རྣམས་ཀྱི་སྒྲུབ་པ་མཛད་པས་གྲུབ་པ་བརྙེས་པའི་སྐྱེས་བུ་མང་དུ་བྱོན། དེའི་ནང་ཧོར་པ་ཤཱཀྱ་རྒྱལ་མཚན་མཆོག་ཉིད་གནས་འདིར་སྒྲུབ་པའི་ཉམས་བཞེས་མཛད་པས་མཐར་གྲུབ་པ་བརྙེས་ཏེ་ཚེ་དབང་རིག་འཛིན་གྱི་སྐུར་བཞེངས། ཕྱིས་འཇམ་དབྱངས་མཁྱེན་བརྩེ་དངོས་སུ་མཇལ་བ་ལྟ་བུ་ཡིན། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ནས་སྒྲུབ་གནས་འདིར་སྨྱུང་གནས་དང་མ་ཎི་དུང་སྒྲུབ་མང་དུ་བཙུགས། དུས་གསར་གྱི་སྐབས་འདིར་ཡང་མཁན་ཆེན་རྡོ་རྗེ་འཆང་རྒྱལ་མཚན་འོད་ཟེར་དང་། ཁྱད་པར་དུ་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་གང་གི་ཐུགས་རྗེ་དང་བཀའ་དྲིན་གཅིག་པུའི་བདག་རྐྱེན་ལས་ཡུལ་གྲུ་སྤྱི་ཡི་མཆོད་སྒྲུབ་སྨྱུང་གནས་སོགས་ཧ་ཅང་རྒྱས་པ་ཡོད། སྤྲུལ་རིན་པོ་ཆེ་བློ་གྲོས་བསྟན་པའི་རྒྱལ་མཚན་དང་། མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་རྣམ་རྒྱལ། མཁན་པོ་ཡེ་ཤེས་ཕུན་ཚོགས་བཅས་ཀྱི་བདག་རྐྱེན་ལས་འདུ་ཁང་གསར་བཞེངས་ གནས་ཡུལ་གྱི་བཀོད་པ་དང་སྒྲུབ་གནས་དེར་འབྲེལ་བ་ཐོབ་པའི་ཕན་ཡོན་རྣམས་མདོ་བྱང་ཆེན་མོ་ལས་གསལ་བ་ལྟར་ཡིན།

{{#arraymap:གཟུངས་ཕུག་དགོན་

|; |@@@ | | }}