100611

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་དོན་འོད་གསལ་སྙིང་པོ་ (1)
Part of speech མིང་ཚིག
Definition སྤྱི་དོན་འོད་གསལ་སྙིང་པོ་ནི། གསང་སྙིང་འགྲེལ་པ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་སྟེ། འཇམ་མགོན་མི་ཕམ་རིན་པོ་ཆེ་ལ། ཉིད་ཀྱི་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པས་བསྐུལ་མ་དང་བཀའི་གནང་བ་བསྩལ་བ་ལྟར། ཀུན་མཁྱེན་ཀློང་ཆེན་པའི་འདས་མཆོད་ཀྱི་ཉིན་མོར་རྩ་གསུམ་ལྷ་ལ་གནང་བ་ཞུས་ཏེ་འགོ་བརྩམས་ཤིང་། ས་སྐྱོང་གི་ལོ་ཧོར་ཟླ་གསུམ་པའི་དཀར་ཕྱོགས་ཀྱི་ཚེས་བཅུ་ལ་མཐའ་གྲུབ་མཛད་པའི་རྒྱུད་འགྲེལ་ཞིག་ཡིན། མཚན་རྒྱས་པར། གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ་ཞེས་ཞུ། འདིར་རྒྱུད་ཀྱི་བརྗོད་བྱའི་གནད་རྣམས་རྒྱུད་གསུམ་དངོས་པོ་བཅུ་གཅིག་གི་བདག་ཉིད་དུ་བསྡུས་ཏེ་རིག་འཛིན་བརྒྱུད་པ་སྤྱི་དང་། ཁྱད་པར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ་དང་། དཔལ་རོང་ཟོམ་པཎྜིཏ་ཆེན་པོ་རྣམ་གཉིས་ཀྱི་དགོངས་པ་བཞིན་སྤྱི་དོན་གྱི་ཚུལ་དུ་རྣམ་པར་བཤད་པའོ། །

{{#arraymap:སྤྱི་དོན་འོད་གསལ་སྙིང་པོ་

|; |@@@ | | }}