100698

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་རྒྱུད་སྡེ་གསུམ་གྱི་གདུལ་དཀའ་བ་གསུམ་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། གདུལ་དཀའ་བ་ལྔའི་ཡ་གྱལ་སྔགས་ཕྱི་རྒྱུད་སྡེ་གསུམ་གྱི་གདུལ་དཀའ་བ་སྟེ། ཉི་ཟླ་འབར་བའི་སྒྲོན་མ་ལས། སྤྱི་རྒྱུད་སྡེ་གསུམ་གྱི་གདུལ་དཀའ་བ་ཡང་གསུམ་སྟེ། ཀྲི་ཡས་ཉོན་མོངས་པའི་དྲི་མ་གདུལ་དཀའ་བ་དང་། ཨུ་པ་ཡས་སེམས་རྩེ་གཉིས་སུ་འཛིན་པ་གདུལ་དཀའ་བ་དང་། ཡོ་གས་དུག་རྣམ་པ་ལྔ་གདུལ་དཀའ་བ་དང་གསུམ་མོ། །དེ་ལ་འདུལ་ལུགས་ཀྱང་རྣམ་པ་གསུམ་སྟེ། ཀྲི་ཡས་རིགས་གསུམ་གྱི་མགོན་པོས་ཉོན་མོངས་པའི་དྲི་མ་འདུལ། ཨུ་པ་ཡས་ཁྲུས་དང་གཙང་སྦྲས་རྣམ་པར་རྟོག་པའི་དྲི་མ་འདུལ། ཡོ་གས་ཆོ་འཕྲུལ་བཞི་དང་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་ཉོན་མོངས་པ་དུག་རྣམ་པ་ལྔ་འདུལ་བ་དང་གསུམ་མོ། །ཞེས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:སྤྱི་རྒྱུད་སྡེ་གསུམ་གྱི་གདུལ་དཀའ་བ་གསུམ་

|; |@@@ | | }}