100712

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་སྒྲ་འཇུག་ཚུལ་དགུ་ (1)
Part of speech མིང་ཚིག
Definition གང་སྒྲ་སྤྱི་ལ་འཇུག་པ་ནི། དཔེར་ན་དེ་རང་གང་ལ་སྐྱབས་སུ་མཆི་ཞེས་པ་ལྟ་བུའོ། །གང་སྒྲ་བྱེ་བྲག་འཇུག་པ་ནི། དཔེར་ན་དེ་ལས་ངོ་མཚར་གྱུར་པ་གང་ཞེས་པ་ལྟ་བུའོ། །ཅི་སྒྲ་སྤྱི་ལ་འཇུག་པ་ནི། དཔེར་ན་ཅི་ཡང་རུང་ཞེས་པ་ལྟ་བུའོ། །ཅི་སྒྲ་བྱེ་བྲག་ལ་འཇུག་པ་ནི། དཔེར་ན་ཅི་ཞིག་བསམ་པ་འདི་འགྲུབ་པར་སྨོན་ཞེས་པ་ལྟ་བུའོ། །ཇི་སྒྲ་སྤྱི་ལ་འཇུག་པ་ནི། དཔེར་ན་ཁྱོད་ཀྱི་ཇི་ལྟར་གསུང་བ་ཡི་ཞེས་པ་ལྟ་བུའོ། །ཇི་སྒྲ་བྱེ་བྲག་ལ་འཇུག་པ་ནི། དཔེར་ན་ཇི་ལྟར་གུས་བཞིན་དེ་ལྟར་གུས་ཞེས་པ་ལྟ་བུའོ། །གང་ཟག་ཁོ་ནའི་སྤྱི་སྒྲ་ནི། དཔེར་ན་དེ་ལ་སུ་ཡིས་འགོངས་པར་ནུས་ཞེས་པ་ལྟ་བུའོ། །སྤྱི་སྒྲ་བརྟག་ཅིང་དཔྱད་པར་འཇུག་པ་ནི། དཔེར་ན་གང་གིས་འདུས་ཤིང་གང་ལ་བསགས། །ཅི་ལ་བརྟེན་ནས་ཅི་ཙམ་འབྱུང་། །ཇི་སྙེད་པ་དེ་ཇི་ག་ཞིག། །སུ་ཡིས་བསྟན་ནས་སུས་སྒོམ་སྙམ། །ཞེས་པ་ལྟ་བུ། སྤྱི་སྒྲ་འདྲི་བའི་དོན་ལ་འཇུག་པ་ནི། དཔེར་ན་འདུས་བྱས་ཀྱི་དོན་གང་ཡིན། བརྟེན་ནས་འབྱུང་བའི་དོན་ཅི་ཡིན། ཆོས་རྣམས་སྟོང་སང་དུ་མཐོང་ཚེ་ཆོས་ཅན་རྣམས་ཀྱི་སྣང་བ་ལ་ཇི་སྐད་ཟེར། བདེ་སྡུག་མྱོང་བ་པོ་སུ་ཡིན། ཞེས་པ་ལྟ་བུ།
Domain སྒྲ་རིག་པ།

{{#arraymap:སྤྱི་སྒྲ་འཇུག་ཚུལ་དགུ་

|; |@@@ | | }}