100762

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱིལ་དཀར་བ་ (1)
Part of speech མིང་ཚིག
Definition སྤྱིལ་དཀར་བ་མཆོག་ནི། རྒྱལ་བ་རྒོད་ཚང་པའི་སློབ་མ་ཞེ་བཅད་རང་དང་མཉམ་པའམ་བརྩོན་འགྲུས་རང་དང་མཉམ་པ་ཡང་བཤད། ཇོ་ནང་ཏཱ་ར་ནཱ་ཐའི་མྱང་ཆོས་འབྱུང་ལས། མྱང་ཆུའི་ནུབ་ཕྱོགས་རྒྱང་རོའི་ས་ཁུལ་དུ་ཏོག་ཙམ་ཐག་རིང་པོ་ན། རྒོད་ཚང་པའི་སྒྲུབ་ཚུགས་རང་དང་མཉམ་པའི་བ་རི་སྤྱིལ་དཀར་བས་བཏབ་པའི་འགོས་ཡུལ་འབྲི་མཚམས་ཀྱི་དགོན་པ་དང། ཁོང་རང་གི་སྐུ་འདྲའི་སྐུ་ལ་རྡུལ་མི་ཆགས་པ་ཡོད་ཅེས་གསུངས་པ་དང་། ཡང་ལྷོའི་ཆོས་འབྱུང་དུ། སྐུ་ཚེ་སྨད་དུ་ལྷོ་སྤ་གྲོར་བྱོན། གདུལ་བྱའི་ལུང་བསྟན་པའི་གནས་རྡོ་དཀར་ཁར་གཟིགས་ནས་ཆོས་གཞི་བཏིང་བས་དེང་སང་ཡང་སྤྱི་དཀར་ཁ་ཞེས་གྲགས། སློབ་མ་རྟོགས་ལྡན་འགའ་རེ་ལས་བརྒྱུད་སྲོལ་ཟིན་པ་ནི་ཆེར་མ་བྱུང་། གནས་དེར་དགོངས་པ་རྫོགས་ཏེ། སྐུ་གདུང་མཆོད་རྟེན་ད་ལྟར་བཞུགས་ཞེས་པ་ཙམ་ལས་རྣམ་ཐར་ཞིབ་པར་མ་རྙེད་དོ། །

{{#arraymap:སྤྱིལ་དཀར་བ་

|; |@@@ | | }}