100856

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱོད་ཡུལ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ འདི་ལྟར་དྲན་པ་ཉེ་བར་གཞག་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དྲན་པའི་སྤྱོད་ཡུལ། ༢ ཆོས་ཀྱི་ཚུལ་རྟོགས་པར་བྱ་བའི་ཕྱིར། རྟོགས་པའི་སྤྱོད་ཡུལ། ༣ སངས་རྒྱས་ཐམས་ཅད་མཉེས་པར་བྱ་བའི་ཕྱིར། བློ་གྲོས་ཀྱི་སྤྱོད་ཡུལ། ༤ ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ། ༥ སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བསྡུ་བའི་དངོས་པོའི་སྤྱོད་ཡུལ། ༦ དགེ་བའི་རྩ་བ་ཐམས་ཅད་དྲན་པའི་ཕྱིར། འཁོར་བའི་སྤྱོད་ཡུལ། ༧ འདུ་འཛི་བསལ་ཞིང་སེམས་ཅན་མོས་པ་ཇི་ལྟ་བ་བཞིན་དུ་གདུལ་བའི་ཕྱིར། སེམས་ཅན་ཐམས་ཅད་དང་འགྲོགས་པའི་སྤྱོད་ཡུལ། ༨ སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་ཡུལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། མངོན་པར་ཤེས་པའི་སྤྱོད་ཡུལ། ༩ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚོན་ཆ་གདགས་པའི་ཕྱིར་ཐབས་མཁས་པའི་སྤྱོད་ཡུལ། ༡༠ ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་སངས་རྒྱས་ཀྱང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་གཅོད་པའི་ཕྱིར། སྙིང་པོ་བྱང་ཆུབ་ཀྱི་སྤྱོད་ཡུལ་ལོ། །
Domain ཆོས་ལུགས།

{{#arraymap:སྤྱོད་ཡུལ་བཅུ་

|; |@@@ | | }}