100969

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲིན་ཆེན་པོའི་ཚོགས་ནམ་མཁའ་ལས་བྱུང་ཞིང་འདུ་བའི་རྣམ་པར་འཕྲུལ་པའི་ཆོས་ཀྱི་སྒོ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། རྩ་བ་ནས་སྐྱེ་བའི་རབ་ཏུ་མགུ་བ་ལ་མཁས་པའི་རྒྱལ་པོ་ཞེས་བྱ་བ། རྩ་བའི་རང་བཞིན་ལེགས་པར་མཐོང་ནས་རྟག་ཏུ་བརྗོད་པ་ཞེས་བྱ་བ། མཉམ་པ་དང་མི་མཉམ་པའི་ཡེ་ཤེས་ཤིན་ཏུ་མཐོང་བའི་རྒྱལ་པོ་ཞེས་བྱ་བ། བརྟག་པའི་ཕྱག་རྒྱ་ཞེས་བྱ་བ། བློ་གྲོས་མི་ཟད་པའི་ཡང་དག་པའི་རྒྱལ་པོ་ཞེས་བྱ་བ། བསམ་གྱིས་མི་ཁྱབ་པའི་གནས་ཞེས་བྱ་བ། ཆགས་པ་མེད་པའི་ནན་ཏན་གྱི་རྣམ་པ་ཞེས་བྱ་བ། རྒྱ་མཚོ་ཟབ་མོའི་དུས་ཤིན་ཏུ་ངེས་པའི་རྒྱལ་པོ་ཞེས་བྱ་བ། དུས་ཚིགས་ཡིད་དུ་འོང་བ་ལ་མངོན་པར་རབ་ཏུ་དགའ་བ་ཞེས་བྱ་བ། ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་ཆར་སྤྲིན་ཆེན་པོའི་ནམ་མཁའི་མཛོད་ཅེས་བྱ་བའོ། །
Domain ཆོས་ལུགས།

{{#arraymap:སྤྲིན་ཆེན་པོའི་ཚོགས་ནམ་མཁའ་ལས་བྱུང་ཞིང་འདུ་བའི་རྣམ་པར་འཕྲུལ་པའི་ཆོས་ཀྱི་སྒོ་བཅུ་

|; |@@@ | | }}