101001

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲིན་རྣམ་པར་བཀོད་པའི་འཇིག་རྟེན་གྱི་ཁམས་ (1)
Part of speech མིང་ཚིག
Definition རྙིང་མ། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས། སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་གསུངས་པའི་གཅིག་ཡིན་པ་དང་། ཞིང་འདིར་ཐུགས་རྗེ་ཆར་རྒྱུན་ལྟ་བུའི་སྤྲིན་རྣམ་པར་བཀོད་པས་མིང་དེ་སྐད་དུ་གྲགས། དེར་སྟོན་པ་ནི་དེ་བཞིན་གཤེགས་པ་སྤྲིན་གྱི་དཔལ་ཡིན་ཚུལ། མདོ་དགོངས་པ་འདུས་པ་ལེའུ་བདུན་པར། ཡང་སྤྲིན་རྣམ་པར་བཀོད་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་སྤྲིན་གྱི་དཔལ་ཞེས་བྱ་བར་བསྟན་ནས། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྤྲིན་རྣམ་པར་བཀོད་པའི་འཇིག་རྟེན་གྱི་ཁམས་

|; |@@@ | | }}