101009

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲིན་ལྟ་བུའི་སེམས་བསྐྱེད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཆོས་ཀྱི་སྐུ་བརྙེས་པའི་སྟོབས་ཀྱིས་གདུལ་བྱའི་རྒྱུད་ལ་ཆོས་ཀྱི་ཆར་འབེབས་པར་བྱེད་པའི་ནུས་པ་ཡོངས་སུ་རྫོགས་པའི་སེམས་བསྐྱེད་ཅིག་ལ་སྤྲིན་ལྟ་བུའི་སེམས་བསྐྱེད་ཅེས་ཟེར། ངོ་བོ་ནི། ཆོས་ཀྱི་སྐུ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་པ་ནི་སྤྲིན་ལྟ་བུ་ཡིན་ཏེ། དགའ་ལྡན་གྱི་གནས་ན་བཞུགས་པ་དང༌། ཡུམ་གྱི་ལྷུམས་སུ་འཇུག་པ་ལ་སོགས་པ་མཛད་པ་བཅུ་གཉིས་དུས་ཀུན་ཏུ་སྟོན་པར་རུང་བ་ཉིད་ཀྱིས་ཕྱིར། ཞེས་གསུངས། ས་མཚམས་ནི་སངས་རྒྱས་ཀྱིས་སས་མཇུག་གིས་བསྡུས་པར་འདོད་དོ། །
Domain ཆོས་ལུགས།

{{#arraymap:སྤྲིན་ལྟ་བུའི་སེམས་བསྐྱེད་

|; |@@@ | | }}

སྤྲིན་ལྟ་བུའི་སེམས་བསྐྱེད་ (2)
Part of speech མིང་ཚིག
Definition ས་སྐྱ། ཆོས་སྐུ་བྱ་གྲུབ་ཡེ་ཤེས་དང་མཚུངས་པར་ལྡན་གྱི་སེམས་ཆོས་ཅན། ཆར་སྤྲིན་ལྟ་བུ་ཡིན་ཏེ། ཐབས་མཁས་པའི་མཛད་པ་བཅུ་གཉིས་སྟོན་ནུས་པའི་ཕྱིར། འདི་ཐབས་མཁས་མི་ཟད་པའོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། ། ཆོས་ཀྱི་སྐུ་དང་ལྡན་པ་ནི། སྤྲིན་ལྟ་བུ་སྟེ། སྤྲུལ་པའི་སྐུས་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་མཛད་པ་བཅུ་གཉིས་ཀུན་ཏུ་སྟོན་པར་རུང་བ་ཉིད་ཀྱིས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། །

{{#arraymap:སྤྲིན་ལྟ་བུའི་སེམས་བསྐྱེད་

|; |@@@ | | }}