101015

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུ་དཀར་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སྦོམ་ལ་རིང་བའི་སྨད་ཆར་རྩ་ཕྲན་ཁ་ཤས་གྱེས་ཤིང་རྩ་བའི་ཕྱི་པགས་སེར་སྐྱ་ནང་དཀར་ལ་སོབ་པ་དང༌། སྡོང་པོ་ལྗང་སྐྱ་ཁོང་སྟོང་འདྲོང་ལ་རིང་བར་ཚིགས་པ་ཅན་སྤུ་དཀར་མང་ཞིང༌། ཚིགས་པ་ནས་ཡལ་ག་ཕྱོགས་སུ་གྱེས་ཤིང་ལོ་སྡོང་ཡོངས་ལ་དྲི་ངན་འཐུལ་བ། ལོ་མ་ལྗང་སྐྱ་རྒྱབ་ཐལ་སྐྱ་མདོག་ལ་སྤུ་མཐུག་པོ་ཡོད་པ་སྐྱེ་རིམ་གཉིས་ལྡན་གྱི་སྒྲོ་དབྱིབས་མང་ལོ་ཡིན་ལ། ལོ་ལྷེབ་རེ་རེའི་དབྱིབས་སྒོང་གཟུགས་འདྲ་བའི་མཐར་ངེས་གཏན་མེད་པའི་ཉག་ག་ཡོད་ཅིང༌། དེའི་རྩ་རིས་འཕྲད་གྱེས་ཏེ་ངར་པ་ཐུང་བ་དང༌། སྒྲོ་དབྱིབས་སྤྱིའི་ངར་པ་ནི་རིང་ལ་ཁ་སྤྲོད་དུ་སྐྱེས་པ། བང་རིམ་ཅན་གྱི་གདུགས་མང་མེ་ཏོག་ཆུང་བ་མང་པོ་ཡལ་ག་དང་སྡོང་པོའི་རྩེར་ཤར་བ། འབྲས་བུ་ལེབ་ཅིང་མཐར་སྐྱི་ལྤགས་སྲབ་པོའི་གཤོག་པ་ཅན་མང་པོ་མགོ་སྦྲེལ་ནས་འདོགས་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་ཀླུང་གང་སར་སྐྱེ་བ། རྩ་བ་དང་འབྲས་བུ་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཟོས་ནས་སྐམ་ཐོག་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་སྙོམས་པས་གཉན་ཚད་རིགས་ཀྱི་དམར་སྐྲངས་ཆགས་པ་དང༌། གཟེར་ཟུག་གཏོང་བ། ཁྲག་ཤོར་བ། རྒྱུ་སྲིན་རིགས་ཀྱིས་དམར་སྐྲངས་ཆགས་པ་དང༌། དེ་མིན་མཛེ་ནད་དང་ཁོང་འབྲས་སོགས་ལ་ཕན་ཞིང༌། འབྲས་བུས་རླུང་འཇོམས་ཤིང་ན་ཟུག་གཅོག་པར་བྱེད་དོ། །

{{#arraymap:སྤྲུ་དཀར་

|; |@@@ | | }}