101019

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུ་མ་ (1)
Part of speech མིང་ཚིག
Definition རྩྭ་ལྡུམ་ཞིག་གི་མིང་ཡིན་ཞིང་། དེ་ལ་སྨན་གཞུང་དུ་སྤྲུ་དཀར་དང་སྤྲུ་ནག སྤྲུ་དམར་བཅས་རིགས་དུ་མ་ཡོད་པར་བཤད། ཉིན་སྲིབ་རི་ཐང་ངེས་མེད་དུ་སྐྱེ། དཀར་པོ་ལོ་མ་སྔོ་མ་མཉེན། སྡོང་པོ་རིང་ལྡེམ་མེ་ཏོག་དཀར། ནག་པོ་ལོ་མ་ནག་ལ་སྣུམ། སྤུ་ཞོལ་རྐང་དམར་མེ་ཏོག་དཀར། རྐང་པ་དམར་ལ་དྲི་ངན་ཆེ། སེར་པོ་མེ་ཏོག་གསེར་མདོག་འཆར། ཀུན་གྱི་རྩ་བ་ལྕ་བ་འདྲ། དེ་ལས་ཆེ་ལ་གསོབ་པ་ཡིན། དྲི་ཞིམ་དཀར་ལས་ནག་པོ་དང་། སེར་པོ་དྲི་མ་རྩུབ་ལ་དམན།

{{#arraymap:སྤྲུ་མ་

|; |@@@ | | }}