101029

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུལ་ཏེ་ཁྲོ་བ་འབར་བ་ཉི་ཤུ་རྩ་གཅིག་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྐུ་ཟག་པ་མེད་པ་མེ་དཔུང་གི་དབལ་དུ་འབར་བ་ལས། གཞལ་ཡས་བདུན་དུ་སྤྲུལ་པ། གསུང་སྒྲ་སྐད་ཟག་པ་མེད་པ་སྔགས་འཛབ་ཀྱི་འོད་དུ་འབར་བ་ལས། ཁྲོ་ཚོགས་བདུན་དུ་སྤྲུལ་པ། ཐུགས་ཟག་པ་མེད་པ་ཡེ་ཤེས་ཆེན་པོའི་དབལ་དུ་འབར་བ་ལས། བརྣག་པའི་ཕྲིན་ལས་བདུན་དུ་སྤྲུལ་པ་བཅས་བདུན་གསུམ་ཉེར་གཅིག་ཏུ་གསུངས་སོ། །དེ་དག་ནང་གསེས་ཞིབ་པར་རང་རང་གི་སྐབས་ན་བཀོད་ཡོད་པས་དེར་གཟིགས་པར་འཚལ། །
Domain ཆོས་ལུགས།

{{#arraymap:སྤྲུལ་ཏེ་ཁྲོ་བ་འབར་བ་ཉི་ཤུ་རྩ་གཅིག་

|; |@@@ | | }}