101037

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུལ་པ་འདོད་པ་སྐོང་བའི་རུདྲ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རུདྲ་ལྔའི་ཡ་གྱལ་ཞིག་སྟེ། དཀའ་འགྲེལ་རྡོ་རྗེ་ཐ་རམ་འབྱེད་པའི་ལྡེའུ་མིག་ལས། དེ་ནི་གདུལ་བྱའི་བསམ་པ་ཡིད་དང་མཐུན་པའི་ཤེས་པ་སྟེ་མེ་ཏོག་སྣ་ཚོགས་ཀྱི་གླིང་ལ་ཕྱིན་ཙམ་ན། མཛེས་ཤིང་ཡིད་དང་མཐུན་པ་ལྟ་བུའོ། །ཞེས་དང་། རུདྲ་ལམ་སྲོང་ལས། བྱིན་རླབས་ཉམས་ལྡན་བླ་མ་ཡིས། །རིགས་ངེས་ངད་ལྡན་ཤེས་རབ་སྤྱོད། །ལས་དང་ཐུགས་རྗེར་འཕྲད་རུང་ལ། །རང་བཞིན་དཀའ་བའི་ལས་དབང་གིས། །དུག་གིས་དུག་ནད་བསལ་བ་ལྟར། །ཞེས་པ་བཞིན་དེར་དབྱེ་ན་གསུམ། སྨོན་ལམ་གྱི་དབང་གིས་གང་སྤྲུལ་པ་དང༌། གདུལ་བྱའི་དབང་གིས་གང་ལ་སྤྲུལ་པ་དང༌། འདུལ་བྱེད་ལས་ཀྱི་དབང་གིས་ཇི་ལྟར་སྤྲུལ་པའོ། །དེ་ཉིད་མདོ་དགོངས་པ་འདུས་པའི་ལེའུ་ཉེར་གསུམ་པ་ནས་ཉེར་དྲུག་པའི་བར་གྱིས་སྟོན་པར་དཀའ་འགྲེལ་རྡོ་རྗེ་ཐ་རམ་འབྱེད་པའི་ལྡེའུ་མིག་ཏུ་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྤྲུལ་པ་འདོད་པ་སྐོང་བའི་རུདྲ་

|; |@@@ | | }}