101047

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུལ་པའི་གླེགས་བམ་ (1)
Part of speech མིང་ཚིག
Definition བཀའ་གདམས་སྤྲུལ་པའི་གླེགས་བམ་སྟེ། བཀའ་གདམས་བུ་ཆོས་ལ་ཟེར། དེ་ནི་ཇོ་བོ་རྗེའི་སློབ་མ་རྔོག་ལེགས་པའི་ཤེས་རབ་དང་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གཉིས་ཀྱིས་དྲི་བ་ཞུས་པའི་ལན་ཇོ་བོ་རྗེ་ཨ་ཏི་ཤས་གསུངས་པ་ཡིན་ཅིང༌། རྔོག་དང་ཁུ་གཉིས་ནི་སློབ་བརྒྱུད་འཛིན་པའི་བུ་དང་འདྲ་བས་ན་བུ་ཆོས་ཞེས་ཞུ་བ་པོའི་ངོས་ནས་མཚན་དེ་ལྟར་འབོད་པ་བཀའ་གདམས་པའི་གསུང་རྒྱུན་དུ་ཡོད། འདི་ལ་ལེའུ་ཉི་ཤུ་རྩ་གསུམ་ཡོད་པ་གཤམ་གསལ། ༡ རྒྱལ་བུ་གསལ་བའི་ལེའུ། ༢ རྒྱལ་བུ་ཆགས་པ་མེད་པའི་ལེའུ། ༣ རྒྱལ་བུ་ཀུན་ཏུ་དགའི་ལེའུ། ༤ རྒྱལ་བུ་ལྷ་སྐྱེས་ཀྱི་ལེའུ། ༥ རྒྱལ་བུ་དཀོན་མཆོག་འབངས་ཀྱི་ལེའུ། ༦ རྒྱལ་བུ་དད་པ་བརྟན་པའི་ལེའུ། ༧ རྒྱལ་པོ་རབ་བརྟན་གྱི་ལེའུ། ༨ རྒྱལ་བུ་བློ་གྲོས་འཕེལ་གྱི་ལེའུ། ༩ ཁྱེའུ་དགའ་འཛིན་གྱི་ལེའུ། ༡༠ དགེ་བསྙེན་བཙུན་པའི་ལེའུ། ༡༡ ཁྱེའུ་ནོར་བུ་བཟང་པོའི་ལེའུ། ༡༢ ཁྱེའུ་ཟླ་བའི་ལེའུ། ༡༣ ཁྱེའུ་རིན་ཆེན་སྙིང་པོའི་ལེའུ། ༡༤ ཁྱེའུ་པདྨའི་ལེའུ། ༡༥ ཁྱེའུ་འོད་ཟེར་གྱི་ལེའུ། ༡༦ ཁྱེའུ་བྱམས་པའི་ལེའུ། ༡༧ རྒྱལ་བུ་སེང་གེ་སྒྲའི་ལེའུ། ༡༨ རྒྱལ་བུ་བདེ་མཆོག་གི་ལེའུ། ༡༩ ལྷ་ཡི་རྒྱལ་པོའི་ལེའུ། ༢༠ ཁྱེའུ་དགེ་འདུན་འཕེལ་གྱི་ལེའུ། ༢༡ བཀའ་རྒྱ། ༢༢ ཁུ་ཆོས་སྲོ་ལོང་ཀུན་ཏུ་རྒྱུ། ༢༣ རྒྱལ་པོ་སྐྱབས་སྦྱིན་གྱི་ལེའུ། མཇུག་བསྡུས་ལུང་བསྟན་བཅས་ཡོད་དོ། །
Domain ཆོས་ལུགས།

{{#arraymap:སྤྲུལ་པའི་གླེགས་བམ་

|; |@@@ | | }}