101049

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུལ་པའི་དཀྱིལ་འཁོར་ (1)
Part of speech མིང་ཚིག
Definition ས་སྐྱ། ས་ལ་གནས་པའི་འཕགས་པ་རྣམས་དང། སོ་སོའི་སྐྱེ་བོ་ལས་དག་པ་རྣམས་ཀྱི་དོན་དུ་སྤྲུལ་པ་མཆོག་གིས་དཀྱིལ་འཁོར་གྱི་འཁོར་ལོ་སྣ་ཚོགས་སུ་སྤྲུུལ་པ་སྟེ། དེ་ལས་གཙོ་བོ་གྲུབ་པའི་ས་ལ་གནས་པ་རྣམས་ཀྱིས་དབང་བླང་ཞིང་སོ་སྐྱེ་ལས་དག་པ་འགའ་ཞིག་གིས་དབང་བླངས་ནས་དེ་མ་ཐག་ཏུ་གྲུབ་པའི་ས་ཐོབ་པ་ཡང་ཡོད་དེ། དཔལ་ལྡན་ཆོས་སྐྱོང་གིས་བདག་མེད་མའི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བླངས་པ་ལས་ས་དང་པོ་མངོན་དུ་བྱས་པ་བཞིན་ནོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། །
Domain ཆོས་ལུགས།

{{#arraymap:སྤྲུལ་པའི་དཀྱིལ་འཁོར་

|; |@@@ | | }}